སློབ་གླིང་གསར་འགྱུར།
སྤྱི་ཟླ་༤བའི་ཚེས་༤ཉིན་ཏེ། གཟའ་ལྷག་པའི་ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་ཆེད་ཞུས་ལྟར་སློབ་གླིང་གི་ན་གཞོན་དགེ་རྒན་དགེ་འདུན་ཆོས་འབྱོར་ལགས་ཀྱིས་མདོ་སྨད་ཙོང་ཁའི་ཡུལ་དང་འབྲེལ་ཏེ་རྗེའི་ཞལ་ཐང་སྐོར་གླེང་བ་ཞེས་པའི་འཆད་ཁྲིད་སྤེལ་ཞིང་དགེ་སློབ་ཡོངས་འཆད་ཁྲིད་ལ་ཞུགས། འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་ནི། ༡ཙོང་ཁའི་ཡུལ་སྤྱི་བཤད་པ། ༢ཙོང་ཁའི་ལྷོ་རྒྱུད་དང་བྱང་རྒྱུད་སྐོར་བཤད་པ། ༣ཟི་ལིང་ཉེ་འཁོར་གྱི་དགོན་རྙིང་གྲགས་ཅན་སྐོར། ༤མདོ་སྨད་ལྷོ་རྒྱུད་ཀྱི་བྱ་ཁྱུང་དང་དན་ཏིག་ཡང་ཏིག་སྐོར། ༥ ཁྭ་ཏི་ཁ་བ་དང་འབྲེལ་ཏེ་བྱང་བླ་མ་ཆོས་ཀྱི་རྒྱལ་བོའི་སྐོར། ༦ཚོང་དཔོན་ནོར་བཟང་སྐོར། ༧རྗེའི་ཞལ་ཐང་གཞན་ཕན་ཆེན་མོ་བཅས་ཀྱི་སྐོར་ནས་གླེང་བ་ལ་དགེ་སློབ་ཀུན་ལ་སྤྲོ་དགའི་དགའ་སྟོན་རྒྱས་ཤིང་སྔོན་མེད་ཀྱི་བློ་སྐྱེད་ཐོབ། དུས་ཚོད་གཉིས་ལ་ཉེ་བའི་ཡུན་དུ་འཆད་ཁྲིད་བགྱིས་རྗེས་ཐོན་མིའི་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་འགན་པ་གྱི་ལིང་འཇིགས་མེད་ཀྱིས་ཐེངས་འདིའི་འཆད་ཁྲིད་ལ་སྤྱི་སྡོམ་བྱས་ནས་བདེ་ལེགས་གྲོལ།
མདོ་སྨད་ཙོང་ཁའི་ཡུལ་དང་འབྲེལ་ཏེ་རྗེའི་ཞལ་ཐང་སྐོར་གླེང་བ།

འཆད་ཁྲིད་པ་དགེ་འདུན་ཆོས་འབྱོར་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་རྗེའི་ཞལ་ཐང་བྱིན་ཅན།
ཙོང་ཁའི་མཁར་སོགས།
ཏུན་ཧོང་གཉིས་པར་གྲགས་པའི་ཏན་ཏིག་བྲག་གི་ལྡེབས་རིས།
གྲོ་ཚང་དགོན་པ།
སྐད་གྲགས་ཅན་གྱི་གྲོ་ཚང་གི་ཅོང་།
འཆད་ཁྲིད་ལ་ཉན་བཞིན་པའི་ཚོགས་རའི་ཟུར་གཅིག
གསར་འགོད་པ། ལྡོང་རུ་ཆོས་དུང་།
|