ཟླ་ལྔ་བའི་ཚེ་གཅིག་ནས་མི་དམངས་དངུལ་སྒོར་རིགས་བཞི་བ་ལས་
དངུལ་ལོའི་རིགས་འགའ་ཁྲོམ་རར་སྤྱོད་མི་ཆོག་རྒྱུ་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་ལྟར།
ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཟླ5བའི་ཚེ་1ནས་མི་དམངས་དངུལ་སྒོར་རིགས་བཞི་པའི་བརྒྱ་ལོ་དང་ལྔ་བཅུ་ལོ།
བཅུ་ལོ། ལྔ་ལོ། གཉིས་ལོ། ཁེར་ལོ།
ཤོག་སྒོར་གྱི་ཟུར་གཉིས་ལོ་དང་ལྕགས་སྒོར་གྱི་ཟུར་གཅིག་ལོ་(འོག་ཏུ་མི་དམངས་དངུལ་སྒོར་རིགས་བཞི་བ་ལས་དངུལ་ལོའི་རིགས་འགའ་ཞེས་བསྡུས་འབྲི་བྱ་རྒྱུ་ཡིན།)བཅས་ཚོང་རར་སྤྱོད་མི་ཆོག་པ་བྱས་པའི་བརྡ་ཁྱབ་གཤམ་གསལ་ལྟར།

གཅིག།
མི་དམངས་དངུལ་སྒོར་རིགས་བཞི་བ་ལས་དངུལ་ལོའི་རིགས་འགའ་དང་འབྲེལ་བའི་མཚམས་སྦྱོར་དངོས།

100. མི་དམངས་དངུལ་སྒོར་རིགས་བཞི་བའི་བརྒྱ་ལོ། གང་གི་གདན་གཞི་སྔོ་ནག་དང་། མདུན་ངོས་སུ་མོའོ་ཙེ་ཏུང་དང་ཀྲོའོ་ཨིན་ལེ། ལེའོ་ཧྲོའོ་ཆེས། ཀྲུས་ཏེ་བཅས་ཀྱི་སྐུ་བརྙན། རྒྱབ་ངོས་སུ་ཅིང་ཀང་རི་བོའི་འདྲ་པར་བཀོད་ཡོད།

50. མི་དམངས་དངུལ་སྒོར་རིགས་བཞི་བའི་ལྔ་བཅུ་ལོ། གང་གི་གདན་གཞི་ལྗང་ནག་དང་། མདུན་ངོས་སུ་བཟོ་བ། ཞིང་བ། ཤེས་ཡོན་པ་བཅས་ཀྱི་དབུ་བརྙན། རྒྱབ་ངོས་སུ་རྨ་ཆུའི་ཧུའུ་ཁུའུ་ཡི་པར་བཅས་བཀོད་ཡོད།

10. མི་དམངས་དངུལ་སྒོར་རིགས་བཞི་བའི་བཅུ་ལོ། གང་གི་གདན་གཞི་མཐིང་ནག་དང་། མདུན་ངོས་སུ་རྒྱ་རིགས་དང་སོག་རིགས་ཀྱི་མི་སྣའི་དབུ་བརྙན། རྒྱབ་ངོས་སུ་ཇོ་མོ་གླང་མའི་པར་རིས་བཅས་བཀོད་ཡོད།

5. མི་དམངས་དངུལ་སྒོར་རིགས་བཞི་བའི་ལྔ་ལོ། གང་གི་གདན་གཞི་དམར་སྨུག་དང་། མདུན་ངོས་སུ་བོད་རིགས་དང་ཧེས་རིགས་ཀྱི་མི་སྣའི་དབུ་བརྙན། རྒྱབ་ངོས་སུ་འབྲུ་ཆུའི་འགག་རིང་གི་པར་རིས་བཅས་བཀོད་ཡོད།

2. མི་དམངས་དངུལ་སྒོར་རིགས་བཞི་བའི་གཉིས་ལོ། གང་གི་གདན་གཞི་ལྗང་ཁུ་དང་། མདུན་ངོས་སུ་ཡུ་གུར་རིགས་དང་དབྱིས་རིགས་ཀྱི་མི་སྣའི་དབུ་བརྙན། རྒྱབ་ངོས་སུ་ལྷོ་མཚོའི་གནམ་འདེགས་ཀ་བའི་པར་རིས་བཅས་བཀོད་ཡོད།

1. མི་དམངས་དངུལ་སྒོར་རིགས་བཞི་བའི་ཁེར་ལོ། གང་གི་གདན་གཞི་དམར་ནག་དང་། མདུན་ངོས་སུ་ཡའོ་རིགས་དང་ཏུང་རིགས་ཀྱི་མི་སྣའི་དབུ་བརྙན། རྒྱབ་ངོས་སུ་ལྕགས་རི་རིང་པོའི་པར་རིས་བཅས་བཀོད་ཡོད།

0.2 མི་དམངས་དངུལ་སྒོར་རིགས་བཞི་བའི་ཟུར་གཉིས་ལོ། གང་གི་གདན་གཞི་ལྗང་སྔོན་དང། མདུན་ངོས་སུ་པུའུ་དབྱི་རིགས་དང་ཁྲའོ་ཞན་རིགས་ཀྱི་མི་སྣའི་དབུ་བརྙན། རྒྱབ་ངོས་སུ་རྒྱལ་རྟགས་བཅས་བཀོད་ཡོད།

1. མི་དམངས་དངུལ་སྒོར་རིགས་བཞི་བའི་ལྕགས་སྒོར་ཟུ་གཅིག་ལོ། གང་གི་རྒྱུ་ཆ་ནི་ཧ་གསེར་ཡིན་ལ། མདུན་ངོས་སུ་རྒྱལ་རྟགས་དང་རྒྱལ་མིང་། སྒྲ་སྦྱོར་གྱི་རྒྱལ་མིང་། ལོ་ཚོད་བཅས་དང་། རྒྱབ་ངོས་སུ་ལུག་མིག་མེ་ཏོག་དང་སྒོར་གྲངས་བཅས་བཀོད་ཡོད།
གཉིས།
སྤྱི་ལོ་2018ལོའི་ཟླ་5བའི་ཚེས་1ནས་སྤྱི་ལོ་2019ལོའི་ཟླ4བའི་ཚེས་30ཉིན་བར་མི་དམངས་དངུལ་སྒོར་རིགས་བཞི་བ་མང་བརྗེ་བྱེད་པའི་དུས་ཚོད་ཡིན།
གསུམ།
མང་བརྗེའི་དུས་ཡུན་ལས་འདས་རྗེས་ཀྲུང་གོའི་མི་དམངས་དངུལ་ཁང་གི་ཡན་ལག་ཁང་སོ་སོ་ནས་བརྗེ་ཆོག
རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས།
|