སྲིད་གཞུང་བྱ་བའི་སྙན་ཞུ་ལས་དམངས་ཕན་སྐོར་གྱི་གསར་འགྱུར་ཉི་ཤུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »སྲིད་གཞུང་བྱ་བའི་སྙན་ཞུ་ལས་དམངས་ཕན་སྐོར་གྱི་གསར་འགྱུར་ཉི་ཤུ།
སྲིད་གཞུང་བྱ་བའི་སྙན་ཞུ་ལས་དམངས་ཕན་སྐོར་གྱི་གསར་འགྱུར་ཉི་ཤུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-03-14ལྟ་ཀློག (4657)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

2018ལོའི་ཟླ་3པའི་ནང་གི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་དམངས་ཕན་སྐོར་གྱི་གསར་འགྱུར་ཉི་ཤུ།

    1.ཁ་པར་སོགས་ཀྱི་དྲ་རྒྱའི་བཞུར་ཚད་འཁྱམ་བཞུད་གྲོན་སོང་མེད་པར་བཟོས་ཏེ།  སྒུལ་བསྐྱོད་དྲ་རྒྱའི་རྒྱུག་ཚད་ཀྱི་གྲོན་དངུལ་ལོ་འདིའི་ནང་ཉུང་མཐར་ཡང 30%ཇེ་ཉུང་དུ་གཏོང་རྒྱུ།

    2.མང་ཚོགས་དང་ཁེ་ལས་ཀྱི་ལས་དོན་སྒྲུབ་ལུགས་ཀྱི་ངོ་སྤྲོད་ཡི་གེ་སྣ་ཚོགས་གཙང་བཤེར་དང་།  བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་རིགས་ཚང་མ་མེད་པར་བཟོ་རྒྱུ།

   3.ལོ་ཧྲིལ་པོར་སླར་ཡང་ཁེ་ལས་དང་མི་སྒེར་གྱི་དཔྱ་ཁྲལ་སྒོར་དུང་ཕྱུར8000ལྷག་ཙམ་ཉུང་དུ་གཏོང་རྒྱུ།

   4.ལོ་ཧྲིལ་པོའི་ཚོང་རའི་གྲུབ་ཆ་གཙོ་བོའི་དཔྱ་ཁྲལ་མ་ཡིན་པའི་ཁུར་པོ་སྒོར་དུང་ཕྱུར་3000ཉུང་དུ་གཏོང་བ་དང་།  ཚུལ་མཐུན་མིན་པ་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་།  མཐོ་དྲགས་དག་མཐའ་གཅིག་ཏུ་ཉུང་དུ་གཏོང་རྒྱུ།

   5.རྒྱལ་ཁབ་ཀྱིས་ཚན་རྩལ་ལ་བཏང་བའི་མ་དངུལ་དམངས་འཚོའི་ཁྱབ་ཁོངས་སུ་ཁ་ཕྱོགས་ནས། སྨུག་རྡུལ་དག་སེལ་བྱེད་ཤུགས་དང་སྐྲན་ནད་སོགས་ནད་གཞི་ཚབས་ཆེན་འགོག་བཅོས་འགག་སྒྲོལ་ཆེར་བཏང་ནས།  ཚན་རྩལ་གྱིས་མི་དམངས་ལ་བདེ་སྐྱིད་སྔར་བས་ལེགས་པ་བསྐྲུན་རྒྱུ།

    6.གསར་གཏོད་ཀྱི་གསོན་ཤུགས་འཕེལ་རྒྱས་གེགས་རྡོ་གྱུར་བའི་ལམ་ལུགས་ཉོག་རྫོབ་དེ་སེམས་ཐག་ཆོད་པས་མེད་པར་གཏོང་རྒྱུ།

    7.ད་ལོར་སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་ཚོ1000ཡན་ཉུང་དུ་གཏོང་རྒྱུ་དང་།   མི་ཁྲི་ཚོ280ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ལེགས་སྒྲུབ་བྱེད་རྒྱུ།

    8.ད་ལོ་སླར་ཡང་གྲོང་ཁྱེར་དུ་མི་ཁྲི་ཚོ1300གཞིས་ཆགས་པར་བྱས་ཏེ།  ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་རྒྱུ།

    9.ནུས་གསར་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ད་དུང་ལོ་གསུམ་ལ་དུས་འགྱངས་བྱ་རྒྱུ་དང་།  ལོ་ཧྲིལ་པོར་རླངས་འཁོར་རྙིང་པ་གནས་སྤོ་ཚོད་འཛིན་བྱེད་པའི་སྲིད་ཇུས་ཁྱོན་ཡོངས་ནས་མེད་པར་བཟོ་རྒྱུ།

    10.རྒྱལ་གཉེར་གཙོ་གནད་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སྤ་སེ་རིན་གོང་དམའ་རུ་གཏོང་རྒྱུ།

    11.རླངས་འཁོར་དང་རྒྱུན་མཁོའི་འཛད་སྤྱོད་དངོས་རྫས་འགའ་ཤས་ཀྱི་ནང་འདྲེན་སྒོ་ཁྲལ་ཉུང་དུ་གཏོང་རྒྱུ།

    12.ངལ་རྩོལ་འབྲེལ་བའི་གྲོས་མོལ་ལམ་སྲོལ་འཐུས་སྒོ་ཚང་བར་བྱས་ནས་ཕོ་མོའི་དབྱེ་བ་དང་ཐོབ་ཐང་གི་འཛིན་ཕྱོགས་མེད་པར་གཏོང་རྒྱུ།

    13.ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་མུ་མཐུད་ནས་མཐོ་རུ་བཏང་སྟེ།   སྤྱི་ཚོགས་ཀྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལུགས་མཐུན་སྒོས་ལེགས་སྒྲིག་བྱ་རྒྱུ།

    14.སྒེར་གྱི་ཐོབ་དངུལ་དཔྱ་ཁྲལ་སྡུད་མཚམས་ཇེ་མཐོར་བཏང་ནས་བྱིས་པའི་སློབ་གསོ་དང་།  ནད་ཆེན་སྨན་བཅོས་སོགས་ཆེད་སྤྱོད་གྲོན་དངུལ་ཉུང་འཕྲི་བྱེད་པ་མང་དུ་གཏོང་རྒྱུ།

    15.གྲོང་གསེབ་ཀྱི་སློབ་མའི་སློབ་བྱོལ་ཚད་ཏན་ཏིག་སྒོས་དམའ་རུ་གཏོང་བ་དང་།   གྲོང་ཁྱེར་དང་གྲོང་རྡལ་གྱི“འཛིན་གྲྭའི་སློབ་མ་གྲངས་ཚད་བརྒལ་བ”དམ་འཛིན་སེལ་ཐབས་བྱས་ནས།  སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་གི་སློབ་ཁྲིད་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་གང་ཐུབ་བྱ་རྒྱུ།

    16.དྲ་སྦྲེལ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ།  བྱིས་བཅོལ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བྱས་ནས་ཁྱིམ་བདག་བློ་བདེ་ཡོང་བར་བྱ་རྒྱུ།

    17. གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་དེ་སླར་ཡང་སྒོར40མང་དུ་གཏོང་བ་དང་། དེའི་ཕྱེད་ཀ་ནད་ཆེན་འགན་བཅོལ་ཐད་སྤྱོད་རྒྱུ།

    18.ཁང་བ་ནི་སྡོད་སའི་གནས་ལས་ཚོང་གཉེར་བྱེད་སྤྱད་མིན་པ་རྒྱུན་འཁྱོངས་དང་ངེས་གཏན་བྱ་རྒྱུ།

    19.མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པའི་མཁོ་འདོན་བྱེད་རྒྱུ།

    20.མང་ཚོགས་ཀྱིས་དོ་སྣང་དང་སེམས་ཁུར་བྱེད་པའི་དོན་དག་རེ་རེ་བཞིན་ཐག་གཅོད་ལེགས་པོ་བྱ་རྒྱུ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438960
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།