རྔ་བའི་ཐོན་མིའི་སློབ་ཚོགས་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོར་ལོ་སྟོན་འབུལ་བར་ཕྱིན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྔ་བའི་ཐོན་མིའི་སློབ་ཚོགས་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོར་ལོ་སྟ
རྔ་བའི་ཐོན་མིའི་སློབ་ཚོགས་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོར་ལོ་སྟོན་འབུལ་བར་ཕྱིན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-02-18ལྟ་ཀློག (4561)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྔ་བའི་ཐོན་མིའི་སློབ་ཚོགས་དགེ་རྒན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོར་ལོ་སྟོན་འབུལ་བར་ཕྱིན་པ།


      སྤྱི་ལོ་2018ལོའི་ཟླ2པའི་ཚེས་18ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་སློབ་གྲོགས་རྣམས་ལོ་རེའི་འཆར་ཅན་ལྟར་དགེ་རྒན་བཀའ་དྲིན་ཅན་ལྡོང་ཡོན་ཏན་རྒྱ་མཚོའི་མདུན་སར་གནམ་ལོ་སར་བའི་དགའ་སྟོན་གྱི་རྟེན་འབྲེལ་དུ་ལོ་སྟོན་འབུལ་བར་ཕྱིན་པ་མ་ཟད་བསེ་དགོན་མཁར་སྤྲུལ་བཀྲ་ཤིས་དོན་གོ་ལགས་ཀྱང་སློབ་ཚོགས་དང་མཉམ་དུ་སློབ་དཔོན་ཆེན་མོའི་མདུན་སར་ལོ་སྟོན་འབུལ་བར་ཕྱིན་པ་རེད།   མཁར་སྤྲུལ་བཀྲ་ཤིས་དོན་གོ་ལགས་ནི་ཁོང་གི་སློབ་མ་མིན་ཡང་ཆོས་གྲོགས་བློས་ཐུབ་ཡིན་པས་རྟག་པར་ཁོང་གི་མཛད་རྗེས་ལ་ཡི་རངས་དང་བསྔགས་བརྗོད་གནང་མཁན་གྱི་དམ་པ་ཞིག་ཡིན་པར་མ་ཟད་སློབ་ཚོགས་ལ་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ཅན་ཞིག་ལགས།

      དགེ་རྒན་གྱིས་རྔ་བའི་ཐོན་མིའི་སློབ་ཚོགས་ལ་གསུང་མཛད་གལ་ཆེན་གནང་བར་མ་ཟད་བསེ་དགོན་མཁར་སྤྲུལ་བཀྲ་ཤིས་དོན་གོ་ལགས་ནས་ཀྱང་མ་འོངས་པར་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྒྲུབ་དགོས་པའི་གསབ་སྦྱོང་འཛིན་གྲྭ་སོགས་ལ་ལོ་རེར་དམངས་སྒོར་ཁྲི་གཉིས་རེ་ཞལ་འདེབས་གནང་རྒྱུ་ཡིན་པར་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུས།

      སློབ་གྲོགས་ས་སྒང་འཇམ་དབྱངས་མཁྱེན་རབ་ཀྱིས་ཨ་ལགས་མཁར་སྤྲུལ་སྐུས་ང་ཚོར་རྒྱབ་སྐྱོར་གནང་བའི་སྐོར་སྙན་གསན་ཕུལ་ཞིང་།  ལོ་སྔོན་མའི་འགན་འཛིན་པ་རྨེའུ་འཇམ་སྦྱིན་དང་དོན་གོ་གཉིས་ཀྱིས་ལོ་སྔོན་མའི་རྩིས་ཐོ་གསལ་བསྒྲགས་དང་ལོ་རྗེས་མའི་འགན་འཛིན་པ་འབའ་དོན་གོ་དང་ཆོས་དགའ་གཉིས་ལ་རྩིས་སྤྲོད་ལེགས་པོ་བྱས་ཡོད།


དགེ་རྒན་ཚང་གི་མདུན་སར་ལོ་སྟོན་འབུལ་བར་འཛོམས་པ།


སློབ་གྲོགས་ཡོངས་ལ་ཁོང་གིས་ཕྱིར་ལེགས་སྐྱེས་གནང་བ།


དགེ་སློབ་ཚང་མ་མཉམ་འཛོམས་ཀྱི་དྲན་རྟེན།


སློབ་གྲོགས་རྣམས་ཀྱི་དྲན་རྟེན་མཉམ་པར།


ས་ལ་གཡང་སང་གིས་མཁར་སྤྲུལ་བཀྲ་ཤིས་དོན་གོ་ལ་ལོ་སར་ལེགས་སྐྱེས་འབུལ་བཞིན་པ།


མཁར་སྤྲུལ་བཀྲ་ཤིས་དོན་གོ་དང་ས་ལ་གཡང་སང་གི་དགེ་འདུན་གཉིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440934
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།