སློབ་གླིང་གསར་འགྱུར། 2024ལོའི་ཤེས་རིག་གླིང་གི་རི་འཛེགས་བྱ་འགུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། 2024ལོའི་ཤེས་རིག་གླིང་གི་རི་འཛེགས་བྱ་འག
སློབ་གླིང་གསར་འགྱུར། 2024ལོའི་ཤེས་རིག་གླིང་གི་རི་འཛེགས་བྱ་འགུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-06-23ལྟ་ཀློག (727)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རི་འཛེགས་བྱ་འགུལ། 
2024\6\22

  དེ་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ལོ་རེའི་འཆར་ཅན་ལྟར་ཁྱུང་སྐོར་དུ་སོང་ནས་རི་འཛེགས་བྱ་འགུལ་སྤེལ་ཅིང་།   ཐེངས་འདིའི་རི་འཛེགས་བྱ་འགུལ་གྱི་སྦྱིན་བདག་ནི་སེམས་དཀར་ཚོགས་པས་མཐུན་རྐྱེན་ཡོངས་སུ་སྦྱར་བ་དང་།  ཁྱུང་མགོན་རི་བོ་རྩེར་བུད་ནས་དགེ་སློབ་ཡོངས་ཀྱིས་མཉམ་དུ་ལྷ་བསང་བཏང་ཞིང་།  ཀི་བསྭོ་གསེང་མཐོར་འཐེན་ནས་རླུང་རྟ་བསྐྱོད།  གུང་ཚིགས་སྐབས་སུ་སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སྦྱིན་བདག་རྣམས་ལ་བཀའ་དྲིན་ཞུ་བ་དང་འབྲེལ་ནས་རི་འཛེགས་བྱ་འགུལ་གྱི་དགེ་མཚན་ཕྱོགས་ནས་གསུང་བཤད་གལ་ཆེན་གནང་བ་དང་།  དགེ་སློབ་ལས་བཟོ་བ་ཡོངས་ལ་བཀྲ་ཤིས་པའི་ཀ་ར་གཏོར།  རི་འཛེགས་བྱ་འགུལ་འདི་སྤེལ་བ་ལ་བརྟེན་ནས་དགེ་སློབ་ཡོངས་སློབ་རའི་ནང་དུ་ཡུན་རིང་བསྡད་པའི་ངལ་དུབ་སེལ་ནས་སེམས་ཁམས་བདེ་ཐང་ཡོང་བ་དང་།  རང་བྱུང་ཁམས་དང་མིའི་བར་གྱི་བརྩེ་དུང་གསོ་སྐྱོང་།   སློབ་སྦྱོང་ནི་དཔེ་ངོས་ཙམ་མ་ཡིན་པར་ལག་ལེན་གྱི་འཚོ་བའི་ཁྲོད་དངོས་སུ་སྦྱོང་དགོས་པ་དང་།        ཁྱད་པར་དུ་ཀྱག་ཀྱོག་ཆེ་བའི་ལམ་ཕྲན་དང་གཡང་གཟར་ཆེ་བའི་ལ་ལུང་རེ་རེ་བརྒལ་ནས། དབྱར་གཞུང་གི་ཕང་བ་ནས་དགེ་སློབ་ཡོངས་ཀྱིས་རང་བྱུང་ཁམས་ཆེན་མོའི་དྲོད་འཇམ་དང་བརྩེ་བ་ཡོངས་སུ་རོལ་མྱོང་ཐེངས་གཅིག་བྱས་ཤིང་། ལམ་གྱི་དགོད་སྒྲ་དང་ངལ་དུབ། གཡང་གཟར་དང་བསིལ་ཆར་ཟིམ་ཟིམ། རི་ཆུའི་མཛེས་ལྗོངས་སོགས་རེ་རེ་བརྒྱུད་ནས་མི་ཚེ་ནི་འདི་དང་འདྲ་བས་ཕུགས་ཀྱི་དོན་ལ་ཞུམ་པ་མེད་པར་མདུན་དུ་བསྐྱོད་དགོས་པའི་དཔེ་སྟོན་བྱས། ལམ་སྐབས་སོ་སོ་ནས་ངལ་གསོས་ཏེ་འཛིན་གྲྭ་ཁག་གིས་རྩེད་མོའི་འཁྲབ་སྟོན་སྣ་ཚོགས་བྱས་པས།  དགེ་སློབ་ཡོངས་དབྱར་གཞུང་གི་ཕང་བ་ནས་སྔར་མེད་པའི་སྤྲོ་སྣང་དང་དགོད་སྒྲ་ཡི་ཞིང་དུ་ཡོངས་སུ་དྲངས། 

 













 















པར་བ། འཇམ་དབྱངས་བཀྲ་ཤིས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkdq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་གླིང་གསར་འགྱུར། 2024ལོའི་ཤེས་རིག་གླིང་གི་རི་འཛེགས་བྱ་འགུལ།   སྤེལ་མཁན།: གངས་རྡེའུ། སྤེལ་དུས:2024/6/26
མ་ཡུམ་སློབ་གྲྭའི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་ཤོག
  སློབ་གླིང་གསར་འགྱུར། 2024ལོའི་ཤེས་རིག་གླིང་གི་རི་འཛེགས་བྱ་འགུལ།   སྤེལ་མཁན།: 的 སྤེལ་དུས:2024/6/25
ངོ་མ་སྐྱིད་པོ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25437835
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།