ཚ་གདུག་ཆེ་བའི་དབང་གིས་རྒྱ་གར་གྱི་མངའ་སྡེ་འདིར་མི་41གྲོངས་འདུག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཚ་གདུག་ཆེ་བའི་དབང་གིས་རྒྱ་གར་གྱི་མངའ་སྡེ་འདིར་མི་41གྲོངས་འདུ
ཚ་གདུག་ཆེ་བའི་དབང་གིས་རྒྱ་གར་གྱི་མངའ་སྡེ་འདིར་མི་41གྲོངས་འདུག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2024-06-13ལྟ་ཀློག (581)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ཚ་གདུག་ཆེ་བའི་དབང་གིས་རྒྱ་གར་གྱི་མངའ་སྡེ་འདིར་མི་41གྲོངས་འདུག


ཉིན་ཤས་བསྟུད་མར། རྒྱ་གར་གྱི་ས་ཁུལ་མང་པོར་བསྟུད་མར་གནམ་གཤིས་ཚ་གདུག་ཤིན་ཏུ་ཆེ། རྒྱ་གར་ཤར་རྒྱུད་ཨའོ་ཏི་ཧྲ་མངའ་སྡེའི་འཕྲོད་བསྟེན་དཔོན་རིགས་ཤིག་གིས་ཚེས་11ཉིན། མངའ་སྡེ་དེར་ད་ལོའི་དབྱར་དུས་ནས་བཟུང་ཉུང་མཐར་ཡང་མི་41ཚ་བ་ཆེ་བའི་དབང་གིས་རྐྱེན་ལམ་དུ་ཤོར་ཡོད་ཅེས་བསྟན་འདུག


     ཨའོ་ཏི་ཧྲ་མངའ་སྡེའི་སྤྱི་པའི་འཕྲོད་བསྟེན་ཀྲུའུ་རེན་གྱིས་ཚེས་11ཉིན་བཅར་འདྲི་དང་ལེན་བྱེད་སྐབས། ཨའོ་ཏི་ཧྲ་མངའ་སྡེའི་དམིགས་བསལ་རོགས་སྐྱོབ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བར་གཞིགས་ན། ད་ལོའི་དབྱར་དུས་ནས་བཟུང་། ཨའོ་ཏི་ཧྲ་མངའ་སྡེར་ཉུང་མཐར་ཡང་མི་41ལ་ཚ་གདུག་ཕོག་ནས་རྐྱེན་ལམ་དུ་ཤོར་བའི་བདེན་དཔང་བྱས་ཡོད་ཅེས་བཤད། དེ་སྔོན་ཨའོ་ཏི་ཧྲ་མངའ་སྡེའི་སྲིད་གཞུང་གིས་ཚེས་10ཉིན། འདས་ཟིན་པའི་ཉིན་གསུམ་ནང་། ཉུང་མཐར་ཡང་མི་8ཚ་གདུག་ཕོག་ནས་རྐྱེན་ལམ་དུ་ཤོར་བའི་དོགས་པ་ཡོད་ཅེས་བསྟན་འདུག ས་གནས་དེ་གའི་གནམ་གཤིས་སྡེ་ཁག་གིས་སྔོན་དཔག་བྱས་པ་ལྟར་ན། ཨའོ་ཏི་ཧྲ་མངའ་སྡེའི་ས་ཁུལ་མང་པོར་མ་འོངས་པའི་ཉིན་འགར་མུ་མཐུད་ཚ་བ་ཆེ་བ་དང་བརླན་བཤེར་ཆེ་བའི་གནམ་གཤིས་སྟོན་རྒྱུ་ཡིན་པ་རེད།


   ཟླ་5པའི་ཟླ་དཀྱིལ་ནས་བཟུང་། རྒྱ་གར་ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་ཁུལ་མང་པོར་མུ་མཐུད་དུ་གནམ་གཤིས་ཚ་གདུག་ཆེ་བས། ས་ཁུལ་ལ་ལའི་དྲོད་ཚད་ཧྲེ་ཧྲི་ཏུའུ་50ལ་སླེབས་ཡོད། རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་ས་ཁུལ་ཁ་ཤས་སུ་ཟླ་འདིའི་ཟླ་སྟོད་དུ་ཟིན་ཐོ་གསར་པ་བཏོད་པའི་ཧྲེ་ཧྲི་ཏུའུ་49.9ལ་སླེབས་འདུག རྒྱ་གར་སྨྱན་སྦྱོར་གྱིས་དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3པ་ནས་ཟླ་5པའི་བར། རྒྱལ་ཁབ་དེར་ཚ་གདུག་ནད་ཕོག་པར་དོགས་པ་ཡོད་པའི་ནད་པ་ཧ་ལམ་ཁྲི་2.5ཡོད་པ་རེད།

ཡོང་ཁུངས།  ཀྲུང་དབྱང་བོད་སྐད་རླུང་འཕྲིན་སྤྱི་སྟེགས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439157
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།