​མཚོ་སྔོན་ནང་བསྟན་སློབ་གླིང་གི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »​མཚོ་སྔོན་ནང་བསྟན་སློབ་གླིང་གི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས
​མཚོ་སྔོན་ནང་བསྟན་སློབ་གླིང་གི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-05-24ལྟ་ཀློག (2274)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་ནང་བསྟན་སློབ་གླིང་གི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས། 

   2024.5.23ཉིན་གྱི་ཕྱི་དྲོར་མཚོ་སྔོན་ནང་བསྟན་སློབ་གླིང་དུ་བཞུགས་པའི་མ་ཡུམ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་བཅུ་བཞི་ལྷག་མཉམ་དུ་འཛོམས་ནས་ད་ལོའི་མཐར་ཕྱིན་སློབ་གྲོགས་རྣམས་ལ་སྐྱེལ་མ་དང་མཚོ་སྔོན་ནང་བསྟན་སློབ་གླིང་དུ་བཞུགས་པའི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས་སྐབས་ལྔ་བ་གཉིས་མཉམ་དུ་འཚོགས། 

    ད་ལོར་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་2024ལོའི་མཐར་ཕྱིན་སློབ་མའི་ཁྲོད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསུམ་མཐར་ཕྱིན་ཡོད་ཅིང་།  2023ལོའི་ཟླ10པའི་ཚེས10ནས་ཚེས12ཉིན་གྱི་བར་དུ། 2020ལོའི་འབྲིང་རམས་བཀའ་བཞི་འཛིན་གྲྭའི་ཨ་ལགས་བསམ་པ་ལྷུན་འགྲུབ་དང་འགོག་ཚ་ཡེ་ཤེས་ཚེ་རིང་གཉིས་ཀྱིས་རང་འཛིན་གྲྭའི་དགེ་སློབ་ཉེར་གཉིས་དང་མཉམ་དུ་མཚོ་ཤར་གྲོང་ཁྱེར་ངྷི་ཚ་དགོན་པར་ཕྱིན་ཏེ་གྲྭ་སྐོར་དམ་བཅའ་ཕུལ། 

    ཐེངས་འདིའི་གྲྭ་སྐོར་དམ་བཅའི་ནང་དོན་གཙོ་བོ་ནི《དབུ་མ》《མཛོད》《འདུལ་བ》བཅས་ཡིན་ཞིང་། དམ་བཅའི་སྐབས་ངྷི་ཚ་དགོན་པའི་དགེ་བཤེས་དང་སློབ་གླིང་གི་ཡོངས་འཛིན་ཆེ་གྲགས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་སྐར་གྲངས་དཔྱད་བསྡུར་གྱི་འགན་བཞེས་ཏེ་སྦྱངས་འབྲས་གཏན་འཁེལ་བྱས། 

    དེ་བཞིན་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི2020ལོའི་མཚན་རམས་བློ་སྦྱོང་འཛིན་གྲྭའི་ཐུབ་བསྟན་ཉི་མས་རང་འཛིན་གྲྭའི་དགེ་སློབ་སུམ་བཅུ་དང་མཉམ་དུ་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་སྐུ་ཕྱོགས་ཨོའུ་རྒྱ་ཚང་གིས་སྣེ་ཁྲིད་འོག་ཟི་ལིང་གྲོང་ཁྱེར་གྱི་ཁོངས་གཏོགས་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕྱིན་ཏེ་གྲྭ་སྐོར་དམ་བཅའ་ཕུལ། 

    ཐེངས་འདིའི་གྲྭ་སྐོར་དམ་བཅའི་ནང་དོན་གཙོ་བོ་ནི་ 《ཕར་ཕྱིན》 དང་ 《རྣམ་འགྲེལ》གཉིས་ཀྱི་དམ་བཅའ་རེད། ཐེངས་འདིའི་གྲྭ་སྐོར་དམ་བཅའ་ལ་སྐུ་འབུམ་དགོན་པའི་གྲྭ་ཚང་ནང་གི་མཚན་སྙན་ལྡན་པའི་དགེ་བཤེས་དང་རིགས་ལུང་བ35བཀོད་བསྒྲིགས་བྱས་ཏེ་དམ་བཅའ་བདེ་བླག་ངང་འགྲུབ་པས། ཐེངས་འདིའི་སློབ་གྲོགས་ལྷན་འཛོམས་སྟེང་དུ་གྲྭ་སྐོར་དམ་བཅའ་ལེགས་པར་མཐར་ཕྱིན་པའི་སློབ་གྲོགས་རྣམས་ལ་རྟེན་འབྲེལ་ཞུས་པ་དང་། སློབ་གྲོགས་ཀྱི་མཛའ་བརྩེའི་ཁྲོད་ནས་སོ་སོའི་རང་མོས་ཀྱི་ལབ་གླེང་སྣ་ཚོགས་བྱས་ནས་མཇུག་བསྡུས།

གསར་འགོད་པ བཀྲ་ཤིས་རྒྱ་མཚོ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​མཚོ་སྔོན་ནང་བསྟན་སློབ་གླིང་གི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།   སྤེལ་མཁན།: ཆོས་གྲགས། སྤེལ་དུས:2024/5/25
གསར་འགྱུར་མང་པོ་སྤེལ་ན་བཟང་།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25438067
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།