ལི་ཆང་གིས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལི་ཆང་གིས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་
ལི་ཆང་གིས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-05-22ལྟ་ཀློག (374)རྩོམ་ཁུངས: ཀྲུང་གོའི་བོད་རིག་པའི་དྲ་བ།པར་འདེབ།

ལི་ཆང་གིས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་བ།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ5པའི་ཚེས15ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཕའེ་ཆིན་གྱིས་སྣེ་ཁྲིད་པའི་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་།

ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཕའེ་ཆིན་གྱིས་སྣེ་ཁྲིད་པའི་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་།

ལི་ཆང་གིས་དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་ལ། དབྱིན་ཀྲུང་ཉོ་ཚོང་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱིན་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱིན་ཉོ་ཚོང་གི་འགག་བརྟོལ་ཐད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་ཡོད་པ་མ་ཟད། དུས་ཡུན་རིང་པོར་རྒྱལ་ཁབ་གཉིས་ཀྱིས་འབྲེལ་མཐུད་གླེང་མོལ་ཐད་ཟམ་པ་ལྟ་བུའི་བྱེད་ནུས་བཏོན་པར་བསྟོད་བསྔགགས་གནང་། ལི་ཆང་གིས་བསྟན་དོན། ཀྲུང་དབྱིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གཏན་བདེ་འཇགས་ལས་འཛིན་ལྷན་ཁང་གི་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་གཙོ་གཞི་ཆེན་པོ་གཉིས་ཡིན་པའི་ཆ་ནས། འབྲེལ་བ་ལེགས་པོ་སྲུང་འཛིན་བྱེད་པ་དེ་ཕྱོགས་གཉིས་ལ་ཕན་ཁེ་ཡོད་པ་དང་འཛམ་གླིང་ལ་ཕན་པ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱིན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དབྱིན་ཇི་དང་མཉམ་དུ་ཁ་བརྡ་ལ་ཤུགས་བསྣན་ཏེ། མཉམ་ལས་གཏིང་ཟབ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་ལ་བརྩི་བཀུར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་སྟེང་མུ་མཐུད་དུ་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་དབྱིན་ཇིའི་བར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་པ་དེས་ཕྱོགས་གཉིས་ལ་ཕན་པར་མ་ཟད་འཛམ་གླིང་ལའང་ཕན་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་བར་དུ་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་པ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་པ། གཉིས་ཕན་མཉམ་རྒྱལ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བརྗོད་དོན་གཙོ་བོར་འགྱུར་བར་བྱས་ནས།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ལམ་དུ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་དང་།  བརྟན་པོའི་ངང་རྒྱང་རིང་ལ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་དབྱིན་ཇི་སོགས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དབྱིན་ཇི་དང་ཀྲུང་གོའི་ཚོང་དོན་མཐུན་ཚོགས་དང་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱིས་བཀག་རྒྱ་གཏོར་བའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་ནས་ཀྲུང་གོ་དང་དབྱིན་ཇིའི་མཛའ་བརྩེ་བརྒྱུད་སྤྲོད་བྱེད་མཁན་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་མཁན། ཐོན་སྐྱེད་དང་མཁོ་སྤྲོད་འབྲེལ་ཐག་བརྟན་འཇགས་ཤར་གཏོང་ལ་སྲུང་སྐྱོབ་བྱེད་མཁན་བཅས་བྱ་རྒྱུའི་རེ་བ་ཡོད། 

ཀུའུ་ཕའེ་ཆིན་གྱིས་བསྟན་དོན། དབྱིན་ཇི་དང་ཀྲུང་གོའི་ཚོང་དོན་མཐུན་ཚོགས་ཀྱིས་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་པ། འབྲེལ་ཐག་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས་དབྱིན་ཀྲུང་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་འབུལ་འདོད་ཡོད། །



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439285
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།