​​​​​ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​​​​​ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གན
​​​​​ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-05-16ལྟ་ཀློག (482)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།

ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་།

ས་དེའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིས་བཞུགས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་།

ས་དེའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིས་བཞུགས་ཤག་ཏུ་ཧང་ག་རིའི་ཙུང་ལིས་ཨོ་ཨར་པན་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀྲུང་གོ་དང་ཧང་ག་རའི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་རེད།

ས་དེའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིས་བཞུགས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་དེང་སྐབས། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་དང་ཧང་ག་རིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་མིག་དཔེ་བསྟན་ཡོད། ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། རྒྱལ་ཁབ་གཉིས་མུ་མཐུད་དུ་ཕན་ཚུན་ཡིད་ཆེས་དང་རོགས་རམ་བྱེད་པའི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་གྲོགས་པོ་བཟང་པོ་བྱས་ཏེ། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་གསར་བ་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་པར་འདོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་ཀྱིས་དུས་ཡུན་རིང་བོར་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོར་མཛའ་མཐུན་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ཐའེ་ཝན་དང་ཞང་ཀང་། འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བའི་གནད་དོན་ཐད་ལྟ་བ་གསལ་བོས་ཀྲུང་གོར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ཀ་རི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཧང་ཀ་རི་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བརྗེ་རེས་བཅས་ལ་ཤུགས་བསྣན་ནས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་བྱེད་པའི་ཐད་ལ་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བ་དེས་ཧང་ག་རི་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་སྔར་ལས་མང་པོ་འཐོབ་ངེས་ཡིན་པ་དང་། ཧང་ག་རི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་སྟེང་མཉམ་དུ་འགྲོ་མཁན་དུ་འགྱུར་བར་དགའ་བསུ་ཞུ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོ་དང་ཧང་ག་རི་སྲིད་གཞུང་བར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་ལྗང་མདོག་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཞུང་སའེ་ལྕགས་ལམ་གྱི་འཛུགས་སྐྲུན་དུས་ལྟར་ལེགས་འགྲུབ་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ནུས་ཁུངས་གཙང་མ་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ལོ་འགོར། ངས་ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྐད་གཉིས་སློབ་གྲྭའི་སློབ་མར་ཡིག་ལན་བསྐུར་ནས་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གིས་མཉམ་དུ་ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ལ་རྒྱབ་སྐྱོར་དང་། མི་ཆོས་སྤེལ་རེས་ལ་ཤུགས་སྣོན་དགོས། ཀྲུང་གོས་ཧང་ག་རི་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་འདྲིས་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྣེ་ཁྲིད་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཡར་སྐུལ་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་པར་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཡོ་རོབ་གླིང་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་རེད། ཧང་ག་རི་ཕྱོགས་ནི་ད་ལོའི་ལོ་སྨད་ཀྱི་ཡོ་རོབ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཆ་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ནང་མཁོའི་སྒུལ་ཤུགས་ཆེན་པོ་ལྡན་པས། ཧང་ག་རི་ཕྱོགས་ཀྱིས་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།

ཨོ་ཨར་པན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀ་རིར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་ཡིན། ལོ་ངོ་བཅོ་ལྔའི་སྔོན་ལ་ཁྱེད་ཀྱིས་ཧང་ག་རིར་འཚམས་འདྲི་གནང་བའི་གནས་ཚུལ་དེ་ངའི་སེམས་སུ་གསལ་ལྷང་ངེར་ངེས་ཡོད། ལོ་ངོ་བཅོ་ལྔའི་རིང་ལ་ང་ཚོའི་རྒྱལ་ཁབ་སོ་སོ་དང་ཧང་ག་རི་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་ཐོབ་པ་དེས་རྒྱལ་ཁབ་ཆེ་ཆུང་ཚང་མས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་བྱེད་ཆོག་པ་ར་སྤྲོད་བྱས་ཡོད། སྐུ་ཉིད་འཚམས་འདྲིར་ཕེབས་པ་དེས་ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་ཟབ་མོ་དང་སྦས་ཤུགས་ཆེན་པོ་སླར་ཡང་མཚོན་པ་དང་། ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། ང་ཚོས་ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། མ་འོངས་པར་ཧང་ག་རི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཧང་ག་རི་དང་ཀྲུང་གོའི་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཨོ་ཨར་པན་གྱིས་ཧང་ག་རི་དཀའ་ངལ་ལ་འཕྲད་སྐབས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་རྒྱབ་སྐྱོར་བྱས་པ་བརྗེད་མི་སྲིད་ལ། བློ་བརྟན་འགྱུར་མེད་ཀྱིས་མུ་མཐུད་དུ་ཀྲུང་གོའི་གྲོགས་པོ་བཟང་པོ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་དང་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧང་ག་རི་དང་ཀྲུང་གོ་ཕྱོགས་ཀྱིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས་ཧང་ག་རིའི་ལས་ཞུགས་དང་དམངས་འཚོ་ཇེ་ལེགས་སུ་བཏང་ཡོད། ཧང་ག་རི་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཞུང་སའེ་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆེ་གྲས་ཀྱི་རྣམ་གྲངས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་མང་པོས་ཧང་ག་རིར་མ་དངུལ་བཏང་ནས་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་དམིགས་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གླེང་མོལ་བྱེད་པར་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་སྔ་མོ་ནས་ཞི་བདེ་ཡོང་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”དང་། དཔལ་འབྱོར་ཉོ་ཚོང་། དངུལ་གཏོང་། ཚན་རྩལ། རིག་གནས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་དང་འཛུགས་སྐྲུན་བྱེད་པར་བདེན་དཔང་བྱས།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་དུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནངས།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧང་ག་རིའི་བར་དུ་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》དང་འཚམས་འདྲིའི་གྲུབ་འབྲས་ཡིག་ཆའི་གསལ་ཐོ་སྤེལ་བ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439305
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།