རྭ་རྒྱ་སློབ་གྲྭའི་པར་རྙིང་འགའ།
1992ལོར་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་མཛད་སྒོའི་སྐབས་ཏེ་སློབ་གྲྭ་མ་བཙུགས་པའི་ཡར་སྔོན་གྱི་ཡ་ཕུག་འབྲུ་དྲུག་ཐང་གི་རྣམ་པ།

ཨ་ལགས་གཙོ་རི་རིན་པོ་ཆེ་དང་དགེ་རྒན་འཇིགས་མེད་རྒྱལ་མཚན་རྣམ་པ་གཉིས་ཀྱིས་སློབ་གྲྭ་ཕྱག་འདེབས་མཛད་སའི་ས་ཆར་ཞིབ་གཟིགས་གནང་བ།

ཨ་ལགས་གཙོ་རི་རིན་པོ་ཆེ་དང་དགེ་རྒན་འཇིགས་མེད་རྒྱལ་མཚན་རྣམ་པ་གཉིས་ཀྱིས་སློབ་གྲྭའི་ཐོག་མའི་ས་ཐིག་འཐེན་པ།

1994ལོར་སློབ་གྲྭའི་ར་སྐོར་གྱི་གྱང་རྡུང་བ།


སློབ་གྲྭའི་ཐོག་མའི་འཛུགས་སྐྲུན་གྱི་ཤིང་ཆ་རྣམས་རྨ་ཆུ་བརྒྱུད་ནས་འདྲེན་པ།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་སྐུ་ན་གཞོན་དུས་ཁོང་གི་གཟིམས་ཤག་ཏུ་གྲྭ་བ་རྣམས་ལ་དཔེ་ཁྲིད་གནང་བཞིན་པ།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་སྐུ་ན་གཞོན་དུས་ས་གནས་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གནང་བཞིན་པ།

1994ལོར་དངོས་སུ་སློབ་འགོ་རྩོམ་པའི་དབུ་འབྱེད་མཛད་སྒོའི་སྟེང་དུ་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།

སློབ་གླིང་གི་སྲོག་ཤིང་ལྟ་བུའི་དགེ་རྒན་རྣམ་པ་གསུམ་སྐུ་ན་གཞོན་དུས་སུ་སློབ་གྲྭའི་ལས་དོན་ལ་ཐུགས་གྲོས་གནང་བཞིན་པ།


ཐོག་མའི་དགེ་རྒན་གྱི་དཔུང་སྡེ།


སློབ་གྲྭའི་ཐོག་མའི་སྒོ་ཆེན་དང་དགེ་སློབ་ཀྱི་མཉམ་པར་དྲན་རྟེན།

ཐོག་མའི་སློབ་གྲྭའི་ཁོར་ཡུག་གི་རྣམ་པ།

དབྱངས་གསལ་སྦྱོར་ཀློག་ལ་འབད་པའི་སློབ་མ།


མཛའ་བརྩེ་ཟབ་པའི་སློབ་གྲོགས་ཀྱི་མཉམ་པར།


1996ལོའི་དགེ་སློབ་ཡོངས་ཀྱི་མཉམ་པར།

1999ལོའི་འཁྲུངས་སྟོན་སྐབས་སུ་ཨ་ལགས་གཙོ་རི་རིན་པོ་ཆེ་དང་ཨ་ཁུ་བཛྲ་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་དགེ་སློབ་ཡོངས་ཀྱི་མཉམ་པར།




འཁྲུངས་སྟོན་སྐབས་ཀྱི་རིག་རྩལ་གྱི་རྣམ་པ།

སློབ་དཔོན་ཐོན་མིའི་རྣམ་ཐར་གྱི་འཁྲབ་སྟོན།

སློབ་གྲྭའི་འཁྲུངས་སྟོན་སྐབས་ཀྱི་རྭ་རྒྱའི་ཉེ་འཁོར་གྱི་མང་ཚོགས་ལྟད་མོ་བ།

1998ལོར་དགེ་རྒན་རྣམ་པས་སློབ་མ་རྣམས་ཁྲིད་ནས་རྨ་ཆེན་གངས་རིའི་འདབས་རོལ་ཏུ་བསྐྱོད་པ།



དགེ་སློབ་ཡོངས་མཉམ་དུ་རྩྭ་ཐང་དུ་གུར་ཕུབ་ནས་སྤྲོ་བསང་ལ་རོལ་བའི་རྣམ་པ།

2004ལོའི་འཁྲུངས་སྟོན་མཛད་སྒོ།

མཐར་ཕྱིན་མཛད་སྒོའི་སྟེང་དུ་དགེ་རྒན་རྣམ་པས་མཐར་ཕྱིན་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་བཞིན་པ།

སློབ་གྲོགས་ཀྱི་མཛའ་བརྩེ་དང་སྤྲོ་སྣང་།


རྫོགས་མཐའ་མེད་པའི་རྨ་འགྲམ་གྱི་ངལ་རྩོལ།

ལོ་རེ་བཞིན་བཞིན་འཛིན་བདག་དགེ་རྒན་རྣམ་པས་རང་གི་མཐར་ཕྱིན་སློབ་མ་རྣམས་ཁྲིད་ནས་ལྗོངས་རྒྱུ་དང་གཟིགས་སྐོར་དུ་ཕེབས་པའི་རྣམ་པ།
སློབ་གྲྭའི་གཉེར་ཆེན་གཉིས་དང་ཇ་དཔོན་རྣམ་པ་གསུམ་སྐུ་ན་གཞོན་དུས།
པར་དང་ཡི་གེ་བསྡུ་སྒྲིག་པ། འབའ་སྣང་གྲོལ།
|