
སློབ་གླིང་གསར་འགྱུར། ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན།
༢༠༢༤ལོའི་སྤྱི་ཟླ༤ཚེས༣༠ཉིན་ལོ་རེའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་དང་བསྟུན་ནས། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་དེ། སློབ་གླིང་ནང་ཁུལ་ནས་སློབ་བུ་རྣམས་ལ་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་ཅིང་། ད་ལོར་ཡང་འཛིན་གྲྭ་སོ་སོ་ནས་བསྡུས་པའི་ཡིག་གཟུགས་བརྩམས་ཆོས་དག་ལ་རང་སློབ་གླིང་གི་སྐད་ཡིག་དགེ་རྒན་དག་གིས་དཔྱད་འདེམས་གནང་བ་བརྒྱུད། བདམས་ཐོན་བྱུང་བའི་ཡིག་གཟུགས་བརྩམས་ཆོས་དག་ཐོན་མིའི་འབུམ་གླིང་གི་མདུན་ནས་འགྲེམ་སྟོན་དང་། གཟེངས་སུ་ཐོན་པའི་བྲིས་པ་དག་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་སྔར་སྲོལ་བཞིན་འཐུས་ཚང་ངང་སྤེལ།
བྱེད་སྒོའི་སྟེང་སློབ་གླིང་གི་བྱེད་པོ་དམ་པ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་དང་སློབ་དཔོན་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་དེར་འདུས་དགེ་སློབ་ཡོངས་ལ། རང་རེ་བོད་ཀྱི་སྐད་ཡིག་འདི་ཉིད་གལ་ཆེ་ཚུལ་དང་། དེ་མཚུངས་ཡིག་གཟུགས་ཀྱི་ཕྱོགས་ལ་སློབ་བུ་ཚང་མས་སྔར་བས་དོ་སྣང་བྱེད་དགོས་ལུགས་ཀྱི་བཀའ་སློབ་ཟབ་མོ་གནང་།
དེ་ནས་བྱ་དགའ་ཐོབ་པའི་སློབ་བུ་རྣམས་ལ་བྱ་དགའི་གཟེངས་རྟགས་གནང་བ་དང་། མཇུག་ཏུ་རང་སློབ་གླིང་གི་ཡིག་གཟུགས་དགེ་རྒན་ཨ་མཆོག་མགོན་པོ་སྐྱབས་ཀྱི་ཡིག་གཟུགས་བརྩམས་ཆོས་ཡིག་ཐང་རིང་མོ། སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་༼བསླབ་བྱ་སྙིང་གི་འོད་སྣང་༽ཆ་ཚང་བྲིས་ཡོད་པ་དགེ་སློབ་ཡོངས་ལ་འགྲེམ་སྟོན་བྱས་པར་ལེགས་སོའི་སྐྱེས་སུ་གཟེགས་རྟགས་ཀྱང་ཆེད་དུ་ཕུལ་ཏེ་གཟེངས་བསྟོད་བྱས།
མཐར་ཡིག་གཟུགས་བརྩམས་ཆོས་དག་ལ་དགེ་སློབ་ཡོངས་ཀྱིས་ཞིབ་གཟིགས་ཀྱིས་བྱ་འགུལ་ལེགས་པར་མཇུག་བསྡུས་སོ།།
བྱ་དགའ་ཐོབ་པའི་སློབ་བུ་དག་ནི།
ཨང་དང་བོ།
སྐལ་ལྡན་རྒྱ་མཚོ།
ཨང་གཉིས་པ།
འཇིགས་མེད་ཚེ་རིང་།
འཛིན་པ་རང་གྲོལ།
ཨང་གསུམ་པ།
སྒྲོལ་མ་དོན་གྲུབ།
སྐལ་བཟང་བསྟན་འཛིན།
སྟག་འབུམ་ཐར།
རྟིང་སྐུལ།
བློ་བཟང་སེང་གེ།
ཤེས་རབ་ཆོས་འཕགས།
ཚེ་རིང་དོན་གྲུབ།
བསྟན་འཛིན་འཇིགས་མེད།










|