སྤུན་ཆུང་བཛྲ་འོད་ཟེར་ལ་སྤྲིངས་པའི་སྨོན་ཚིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »སྤུན་ཆུང་བཛྲ་འོད་ཟེར་ལ་སྤྲིངས་པའི་སྨོན་ཚིག
སྤུན་ཆུང་བཛྲ་འོད་ཟེར་ལ་སྤྲིངས་པའི་སྨོན་ཚིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-06-11ལྟ་ཀློག (1581)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། སྤུན་ཆུང་བཛྲ་འོད་ཟེར་ལ་སྤྲིངས་པ་སྨོན་ཚིག་བདུད་རྩིའི་ཉིང་བཅུད།


བཛྲ་ཚུལ་ཁྲིམས་རྒྱ་མཚོ།


གང་གིས་བསྟེན་ན་དེ་ལ་མཆོག་ཐུན་གྱི། །

དངོས་གྲུབ་མཐའ་དག་སྩོལ་བའི་ནུས་ལྡན་ཞིང་།

རྣམ་གྲོལ་གླིང་དུ་འཁྲིད་པའི་དེད་དཔོན་མཆོག །

བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །

རྩེ་གཅིག་སྙིང་ནས་གསོལ་བ་འདེབས་ནུས་ན།

།སེམས་རྒྱུད་ཆོས་ཀྱིས་བསྣུམ་པར་ཐེ་ཚོམ་མེད།

།རྣམ་དག་སྨོན་དོན་འགྲུབ་པར་སོམ་ཉི་མེད། །

ཉམས་ལེན་མཐའ་རུ་ཕྱིན་པར་དོགས་པ་མེད། །


སྟོན་པ་ཤཱཀ་ཐུབ་རྗེ་བཙུན་འཇམ་དབྱངས་དང་། །

ཨཱརྱ་དེ་བ་དམ་པ་སངས་རྒྱས་སོགས། །

སྡུག་བསྔལ་ཞི་བྱེད་བདག་འཛིན་གཅོད་པ་ཡི། །

ཕ་རྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་ལ། །

རྩེ་གཅིག་སྙིང་ནས་གསོལ་བ་འདེབས་ནུས་ན། །

སེམས་རྒྱུད་ཆོས་ཀྱིས་བསྣུམ་པར་ཐེ་ཚོམ་མེད།།

རྣམ་དག་སྨོན་དོན་འགྲུབ་པར་སོམ་ཉི་མེད། །

ཉམས་ལེན་མཐའ་རུ་ཕྱིན་པར་དོགས་པ་མེད།


ཡུམ་ཆེན་ཤེར་ཕྱིན་རྗེ་བཙུན་སྒྲོལ་མ་དང་། །

སུ་ཁ་སིདྡྷི་མ་ཅིག་ལབ་སྒྲོན་སོགས། །

སྡུག་བསྔལ་ཞི་བྱེད་བདག་འཛིན་གཅོད་པ་ཡི། །

མ་རྒྱུད་ཤེས་རབ་བརྒྱུད་པའི་བླ་མ་ལ། །

རྩེ་གཅིག་སྙིང་ནས་གསོལ་བ་འདེབས་ནུས་ན། །

སེམས་རྒྱུད་ཆོས་ཀྱིས་བསྣུམ་པར་ཐེ་ཚོམ་མེད། །

རྣམ་དག་སྨོན་དོན་འགྲུབ་པར་སོམ་ཉི་མེད། །

ཉམས་ལེན་མཐའ་རུ་ཕྱིན་པར་དོགས་པ་མེད། །


ཟག་མེད་བདེ་སྟེར་རྗེ་བཙུན་རྣལ་འབྱོར་མ། །

བསླུ་མེད་བླ་མ་ཡི་དམ་དཀོན་མཆོག་གསུམ། །

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ལ། །

རྩེ་གཅིག་སྙིང་ནས་གསོལ་བ་འདེབས་ནུས་ན། །

བདག་མེད་གནས་ལུགས་རྟོགས་པར་ཐེ་ཚོམ་མེད། །

བདུད་བཞི་རང་སར་ཞི་བར་སོམ་ཉི་མེད། །

མར་གྱུར་འགྲོ་དོན་ནུས་པར་དོགས་པ་མེད། །

དེ་ཕྱིར་ཁྱེད་ཅག་དེ་ལྟར་གསོལ་བ་ཐོབས། །


ཇི་ལྟར་དྲག་ཅིང་རྒོད་པའི་འཐོར་རླུང་དང་། །

འཕྲད་པའི་ཆུ་འཛིན་ཇི་བཞིན་གང་ཞིག་གིས། །

ཚུལ་བཞིན་བསྒྲུབ་ན་ཕྱི་ནང་བདུད་ཀྱི་སྡེ། །

མ་ལུས་ཞི་བྱེད་གཅོད་ལས་གཞན་ན་གང་། །
ཤེས་རབ་ཕ་རོལ་ཕྱིན་གཞུང་ཟབ་མོའི་གནད། །

ཀུན་བསྡུས་གཅོད་ཀྱི་ཉམས་ལེན་ངོ་མཚར་བ། །

ཆོས་བརྒྱད་རླུང་གིས་མ་གཡོས་སེམས་ཀྱི་གསང་། །

ཇི་བཞིན་གསལ་བྱེད་འཚོལ་འདི་ཨེ་མ་མཚར། །


དུས་ཀྱི་མཐར་ཡང་སྔོན་བྱོན་དམ་པ་བཞིན། །

འདུ་འཛིས་དབེན་པའི་ཆུ་མིག་གཙང་མའི་འགྲམ། །

བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་དང་། །

དམ་དུ་འབྲེལ་བའི་ཡང་དག་ལྟ་བའི་གནད། །

གུས་རྟག་ཟུང་གིས་བརྩོན་པ་མི་ལྷོད་པའི། །

ཁྱེད་ཅག་ལུས་ལ་ན་ཚ་མེད་པར་ཤོག།

བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །

ཐོག་མཐའ་བར་གསུམ་བཀྲ་ཤིས་བདེ་ལེགས་ཤོག །

ཅེས་པ་ནི་བཛྲ་ཚུལ་ཁྲིམས་རྒྱ་མཚོས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཤར་མར་བྲིས་པའོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439929
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།