སློབ་གླིང་གསར་འགྱུར།
ངེད་སློབ་གླིང་གི་ལོ་རེའི་འཆར་ཅན་གྱི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་སྐབས་བཅུ་བཞི་བ་སྤེལ་ཅིང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྩོམ་རིག་འགྲན་སྡུར་གྱི་གལ་ཆེ་བའི་དགེ་མཚན་དང་། ཚང་མས་རྩོམ་ཡིག་འབྲི་བར་འབད་པ་བྱ་དགོས་ཚུལ་གྱི་སྐོར་ནས་གསུང་བཤད་གནང་། དགེ་རྒན་རུ་མང་འཕྲིན་ལས་ཀྱིས་དཔྱད་འདེམས་དགེ་རྒན་གྱི་འཐུས་ཚབ་བྱས་ནས་ཐེངས་འདིའི་འགྲན་ཞུགས་རྩོམ་ཡིག་གི་ཞན་ཆ་དང་གཟབ་དགོས་པའི་སྐོར་ནས་གཏམ་བཤད་གནང་། མཇུག་ཏུ་དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་ཐེངས་འདིའི་འགྲན་སྡུར་ལ་སྤྱི་སྡོམ་གྱི་ཚུལ་དུ་ལྷུག་རྩོམ་གསར་རྩོམ་གྱི་སྐོར་ནས་གཏམ་བཤད་བྱས།
དགོང་མོར་སློབ་གླིང་གི་དགེ་རྒན་རུ་མང་འཕྲིན་ལས་ཀྱིས་སློབ་གླིང་རང་གི་སྔོན་ཆད་ཀྱི་རྩོམ་རིག་གི་གནས་ཚུལ་ལས་འཕྲོས་ཏེ་འཆད་ཁྲིད་བྱས་ཤིང་། དགེ་རྒན་བླ་ནག་སྐལ་ལྡན་གྱིས་རྩོམ་རིག་གི་གལ་ཆེ་བའི་དགེ་མཚན་ལས་འཕྲོས་ཏེ་འཆད་ཁྲིད་བྱས།
ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་མ་དག་ནི།
ཨང་དང་བོ། འོད་འབར། མཐོ་གཉིས་དང་བོ།
ཨང་གཉིས་པ། ཚུལ་ཁྲིམས་དཔལ་འབར། མཐོ་གཅིག་དང་བོ། བཀྲ་ཤིས་ཆུང་། འབྲིང་གཉིས།
ཨང་གསུམ་པ། བསོད་ནམས་རྒྱལ། འབྲིང་གཉིས། མགོན་པོ་དོན་གྲུབ། དམའ་གཉིས། རིན་ཆེན་རྣམ་རྒྱལ། མཐོ་གཅིག་གཉིས་པ། འཇམ་དབྱངས་མགོན་པོ། མཐོ་གཉིས་གཉིས་པ།
རྟིང་སྐུལ། མཆོག་གསུམ་རྒྱལ། མཐར་ཕྱིན་གཉིས་པ། ཕུན་ཚོགས་ཆོས་འཕེལ། མཐོ་གཅིག་གཉིས་པ། དཀོམ་དར། དམའ་གཉིས། ཕག་མོ་ཚེ་བརྟན། འབྲིང་གཅིག
ཕུལ་བྱུང་འཛིན་གྲྭ། འབྲིང་གཉིས།





གསར་འགོད་པ། གྱི་ལིང་འཇིགས་མེད།
|