ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་བའི་སློབ་མར་འཕྲིན་ལན་སྤྲིངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་
ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་བའི་སློབ་མར་འཕྲིན་ལན་སྤྲིངས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-05ལྟ་ཀློག (1371)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་བའི་སློབ་མར་འཕྲིན་ལན་སྤྲིངས་ཏེ། ཞིང་ལས་ལ་དགའ་བའི་བརྩེ་སེམས་བསྐྱངས་ནས་ཞིང་ལས་དར་སྤེལ་གཏོང་བའི་འཇོན་ནུས་སྦྱངས་ཏེ་གྲོང་གསེབ་དར་སྤེལ་གཏོང་བར་བྱས་རྗེས་འཇོག་དགོས་པར་ནན་གྱིས་བསྟན་པ་དང་ལྔ་བཞི་གཞོན་ནུ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

འཕྲིན་ལན། 

ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་གི་སློབ་གྲོགས་རྣམ་པ།

ཁྱོད་ཚོ་བདེ་མོ། འཕྲིན་ཡིག་འབྱོར་ནས་ཁྱོད་ཚོ་ཚང་མས་སློབ་གྲྭས་བཙུགས་པའི་ཚན་རྩལ་སློབ་གླིང་ཆུང་བ་བརྒྱུད་དེ། གཞི་རིམ་ཞིང་ཁ་དང་སྡེ་བའི་ཞིིང་ཁྱིམ་དུ་བསྐྱོད་པ་དང་། གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་དམངས་འཚོར་ཞབས་འདེགས་ཞུས་པ་དང་རིག་གནས་དར་སྤེལ་བཏང་བའི་ཐད་ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།

ཁྱོད་ཚོས་འཕྲིན་ཡིག་ནང་བཤད་རྒྱུར། ཀྲུང་གོའི་གཞི་རིམ་དུ་བསྐྱོད་ན། ད་གཟོད་དངོས་ཐོག་བདེན་འཚོལ་ནི་ཅི་ཡིན་པ་དང་མང་ཚོགས་ལ་འབྲེལ་གཏུག་ཅི་ལྟར་བྱེད་པར་ཤེས་རྟོགས་བྱེད་ཐུབ་ལ། ན་གཞོན་རྣམས་ཀྱིས་དཀའ་བ་དང་དུ་ལེན་དགོས་ཟེར། འདི་བཤད་པ་ཤིན་ཏུ་བདེན། དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་ལ་དེ་འདྲའི་ལྷག་བསམ་དང་སྙིང་སྟོབས་ཡོད་འོས་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་བཀོད་སྒྲིག་གནང་ཡོད་པས། སློབ་གྲོགས་རྣམས་ཀྱིས་ཕུགས་རྒྱང་རིང་པོ་དང་ཏན་ཏན་ཏིག་ཏིག་གིས་སློབ་ཁྲིད་ཁྲོད་ཀྱི་ཤེས་བྱ་དང་གྲོང་གསེབ་དུ་བསྐྱོད་པའི་ལག་ལེན་ཟུང་སྦྲེལ་དམ་ཟབ་བྱས་ཏེ། ཞིང་ལས་ལ་དགའ་བའི་བརྩེ་སེམས་བསྐྱངས་ནས་ཞིང་ལས་དར་སྤེལ་གཏོང་བའི་འཇོན་ནུས་སྦྱངས་དགོས་པ་དང་། གྲོང་གསེབ་དར་སྤེལ་གྱི་གར་སྟེགས་ཆེན་མོའི་སྟེང་བྱས་རྗེས་འཇོག་བཞག་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ལྔ་བཞི་གཞོན་ནུ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ངས་ཁྱོད་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་ལྷག་བསམ་རྣམ་དག་གིས་དུས་ཆེན་གྱི་སྨོན་འདུན་ཞུ་བ་ཡིན། 

ཞི་ཅིན་ཕིང་། 

2023ལོའི་ཟླ5པའི་ཚེས1ཉིན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་བའི་སློབ་མར་འཕྲིན་ལན་སྤྲིངས་ཏེ་རེ་བ་ནན་མོ་བཏོན་པར་མ་ཟད། ལྔ་བཞི་གཞོན་ནུ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་བཤད་རྒྱུར། ཚང་མས་སློབ་གྲྭས་བཙུགས་པའི་ཚན་རྩལ་སློབ་གླིང་ཆུང་བ་བརྒྱུད་དེ། གཞི་རིམ་ཞིང་ཁ་དང་སྡེ་བའི་ཞིིང་ཁྱིམ་དུ་བསྐྱོད་ནས། གྲོང་གསེབ་དར་སྤེལ་གཏོང་བའི་ཁྲོད་དམངས་འཚོར་ཞབས་འདེགས་ཞུ་བ་དང་རིག་གནས་དར་སྤེལ་གཏོང་བའི་ཐད་ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོད་ཚོས་འཕྲིན་ཡིག་ནང་བཤད་རྒྱུར། ཀྲུང་གོའི་གཞི་རིམ་དུ་བསྐྱོད་ན། ད་གཟོད་དངོས་ཐོག་བདེན་འཚོལ་ནི་ཅི་ཡིན་པ་དང་མང་ཚོགས་ལ་འབྲེལ་གཏུག་ཅི་ལྟར་བྱེད་པར་ཤེས་རྟོགས་བྱེད་ཐུབ་ལ། ན་གཞོན་རྣམས་ཀྱིས་དཀའ་བ་དང་དུ་ལེན་དགོས་ཟེར། འདི་བཤད་པ་ཤིན་ཏུ་བདེན། དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་ལ་དེ་འདྲའི་ལྷག་བསམ་དང་སྙིང་སྟོབས་ཡོད་འོས་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་བཀོད་སྒྲིག་གནང་ཡོད་པས། སློབ་གྲོགས་རྣམས་ཀྱིས་ཕུགས་རྒྱང་རིང་པོ་དང་ཏན་ཏན་ཏིག་ཏིག་གིས་སློབ་ཁྲིད་ཁྲོད་ཀྱི་ཤེས་བྱ་དང་གྲོང་གསེབ་དུ་བསྐྱོད་པའི་ལག་ལེན་ཟུང་སྦྲེལ་དམ་ཟབ་བྱས་ཏེ། ཞིང་ལས་ལ་དགའ་བའི་བརྩེ་སེམས་བསྐྱངས་ནས་ཞིང་ལས་དར་སྤེལ་གཏོང་བའི་འཇོན་ནུས་སྦྱངས་དགོས་པ་དང་། གྲོང་གསེབ་དར་སྤེལ་གྱི་གར་སྟེགས་ཆེན་མོའི་སྟེང་བྱས་རྗེས་འཇོག་བཞག་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

2009ལོར། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ཧི་པའེ་ཞིང་ཆེན་ཆུས་ཀྲོའུ་རྫོང་དུ་ཚན་རྩལ་སློབ་གླིང་ཆུང་བ་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་། ཞིང་ལས་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མ་དག་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་མངག་གཏོང་བྱས་ཏེ། ཤེས་བྱ་དང་གཞུང་ལུགས་སློབ་སྦྱོང་ལེགས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཁྲོད་ཀྱི་དངོས་ཡོད་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ནས། ཞིང་ལས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་པ་རེད། མིག་སྔར། སློབ་གླིང་ཆུང་བ་འདིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས།གྲོང་ཁྱེར24ཡི་རྫོང་དང་གྲོང་ཁྱེར། ཆུས91དུ་ཚན་རྩལ་སློབ་གླིང་ཆུང་བ139བཙུགས་ཡོད། ཉེ་ལམ། ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་བའི་སློབ་མའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཁོ་ཚོའི་གྲུབ་འབྲས་དང་མྱོང་ཚོར་སྙན་ཞུ་བྱས་ལ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཆེད་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས། །



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439216
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།