ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་གྲོལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤ
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་གྲོལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-23ལྟ་ཀློག (2350)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།

གོང་མཐུད། 

ཚོགས་ཆེན་ནས་བལྟས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པས། མདུན་ལམ་འོད་སྟོང་ལྡན་ཞིང་ལས་འགན་ལྗིད་ལ་ལམ་ཐག་རིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི།  གོམ་རིམ་གཉིས་སུ་བགར་ནས་བསྐྱོད་རྒྱུ་སྟེ།   2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ཏང་གི་སྒྲིག་ཡིག་ལ་དེར་བསྟུན་གྱིས་བཟོ་བཅོས་བྱེད་དགོས་པར་འདོད།

ཚོགས་ཆེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ་དང་། སྔར་ལས་རྒྱ་ཁྱབ་དང་སྔར་ལས་ཕུན་ཚོགས། སྔར་ལས་འཐུས་ཚང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་བཏང་སྟེ། དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་དང་གོ་རིམ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་།
ཚོགས་ཆེན་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་འཛམ་གླིང་སྟེང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱ་རྒྱུ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་ལ། བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། “ཐའེ་ཝན་རང་བཙན”ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག་བྱེད་པ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་ཏེ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་རྒྱུར་འཐད་པ་བྱུང།
གྲོས་ཚོགས་ནས་བདེན་ལུགས་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་བྱེད་པ། ཐོག་མའི་བསམ་མདུན་ལག་བསྟར་དང་འགན་འཁྲི་ཁག་ཁུར་བྱེད་པ། བློས་གཏོང་ཕོད་པ་དང་དཔའ་སྐྱེད་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་སྟོང་ཟད་དུ་མི་གཏོང་བ། རླབས་ཆེ་བའི་རང་ངོས་ནས་གསར་བརྗེ་བྱེད་པ་ཡིས་རླབས་ཆེན་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བླང་བྱ་ཏང་གི་སྒྲིག་ཡིག་ནང་འབྲི་བ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ངེས་པར་དུ་མཐོར་འདེགས་གཏོང་བ་དང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་ནས་གསར་བརྗེ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ། ཏང་ནང་གི་སྒྲིག་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་གཞི་རྩའི་བླང་བྱ་ཞིག་ཏུ་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་འབྲི་བ་བཅས་ལ་འཐད་པ་བྱུང་།

གྲོས་ཚོགས་ནས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་ལས་དོན་ལ་མགོ་ཁྲིད་བྱེད་པའི་སྲོག་ཤིང་སྟོབས་ཤུགས་ཡིན་ལ། ཏང་གི་མགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་པར་འདོད། གྲོས་ཚོགས་ནས་ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་མགོ་ཁྲིད་སྟོབས་ཤུགས་ཡིན་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་བར་འཐད་པ་བྱུང་།

གྲོས་ཚོགས་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ཏང་གི་བྱ་བ་དང་ཏང་འཛུགས་སྐྲུན་གྱི་རྒྱལ་ཁའི་ཉམས་མྱོང་ལ་སྤྱི་སྡོམ་དང་བསྡུ་ལེན་བྱེད་པ་དང་།  དེ་སྤྱིའི་རྩ་འཛིན་གྱི་ནང་དོན་ཁག་ཅིག་བཟོ་བཅོས་བྱེད་པ་དང་སྦྲེལ་མཐུད་བྱས་ཏེ། ཏང་གི་སྒྲིག་ཡིག་གི་དོན་ཚན་ཁ་ཤས་ལ་འོས་འཚམ་གྱིས་བཟོ་བཅོས་བྱེད་པར་དགོས་ངེས་ཧ་ཅང་ཆེ་བར་འདོད།གྲོས་ཚོགས་ནས་བལྟས་ན། དུས་རབས་གསར་པར་སྐྱོད་སྐབས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷག་པའི་གནས་བབ་རྙོག་འཛིང་ཡིན་ཚད་དང་། འཐབ་རྩོད་ཚབས་ཆེ་ཚད། བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་ཀྱི་ལས་འགན་དཀའ་ཚེགས་ཆེ་ཚད་བཅས་ནི་འཛམ་གླིང་སྟེང་མཐོང་དཀོན་ཞིང་ལོ་རྒྱུས་སྟེང་བྱུང་མྱོང་མེད། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་ཕབ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་ཕབ་བྱས་པས། ཏང་གིས་ད་གཟོད་ཡུན་རིང་བོར་སྲིད་སྐྱོང་བ་དང་། རྒྱལ་ཁབ་ཡུན་སྐྱོང་བདེ་འགོད། མི་དམངས་ཀྱི་བདེ་སྐྱིད་བདེ་འཇགས་བཅས་ཀྱི་ཐད་ལ་ཤུགས་རྐྱེན་བཟོ་བའི་འབུར་ཐོན་འགལ་བ་དང་གནད་དོན་ནུས་ལྡན་སྒོས་ཐག་གཅོད་ཐུབ་པར་གྱུར་ལ། ཏང་དང་རྒྱལ་ཁབ། དམག་དཔུང་ནང་ཁུལ་བཅས་སུ་གནས་པའི་འགལ་རྐྱེན་གལ་ཆེན་སེལ་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཞུགས་པར་རྩ་བའི་སྟེང་ཁག་ཐེག་བྱས། གཏན་ཕབ་གཉིས་ནི་ཏང་གིས་དུས་རབས་གསར་པར་བླངས་པའི་རླབས་ཆེན་གྱི་ཆབ་སྲིད་གྲུབ་འབྲས་ཡིན་ལ།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་བྱེད་པའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་སྔར་ལས་རང་རྟོགས་སྒོས་སྲུང་སྐྱོང་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྔར་ལས་རང་རྟོགས་སྒོས་སྲུང་སྐྱོང་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། བྱ་སྤྱོད་སྟེང་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་གྱུར་ཡོང་བར་བྱེད་དགོས་པར་འདོད།ཚོགས་ཆེན་ནས་གྲོས་རིམ་སོ་སོ་ཡོངས་འགྲུབ་བྱས་རྗེས།   ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་གསུང་བཤད་གལ་ཆེན་གནང་།  

 ཁོང་གིས་བསྟན་དོན།   འཐུས་མི་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཚོགས་ཆེན་ཧ་ཅང་ལེགས་འགྲུབ་བྱུང་ནས།  བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཆེར་སྐྱེད།  ཁ་ཕྱོགས་གསལ་བོ།  ངར་ཤུགས་ཆེར་སྐྱེད་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་།   དེ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་སྟོབས་ཤུགས་གཅིག་ཏུ་བསྡུས་པ།  མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་རེད།   ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་།   མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ།   ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།   མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཤིང་།   དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་གཞི་བཏོན་ཏེ།    འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འགྱུར་ལྡོག་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱས་ཡོད།   མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་བཏོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་གནད་དོན་གལ་ཆེན་གསལ་བཤད་བྱས་ཡོད་པ་དང་།     སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཐབ་ཇུས་འཆར་འགོད་བྱས་ཡོད་པར་མ་ཟད།   ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་།    བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་ཁེལ་བྱས་ཡོད།  སྙན་ཞུ་དེ་ནི་ཏང་དང་མི་དམངས་ཀྱི་བློ་གྲོས་ཉིང་བཅུད་ཡིན་པ་དང་།   ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་རེད།   ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་བའི་ལག་ལེན་འཚོལ་ཞིབ་དང་གྲུབ་འབྲས་གལ་ཆེན་ལ་སྤྱི་སྡོམ་བྱས་ཡོད་པ་དང་།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་གཏིང་ཟབ་ཏུ་སྤེལ་བ་དང་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་རྒྱུ་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཀྱི་གལ་ཆེན་རང་བཞིན་གསལ་བཤད་བྱས་ཡོད་པར་མ་ཟད།   ཏང་གིས་རང་ངོས་ནས་གསར་བརྗེ་བྱེད་པར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་བྱེད་པར་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་གསལ་སྟོན་བྱས་ཡོད་ལ།   ཏང་གིས་ནམ་ཡང་ལམ་དུ་ཡོད་པའི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གསལ་བསྒྲགས་བྱས་ཡོད།

གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ་ཏང་གི་གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ཀྱི་གྲུབ་འབྲས་མངོན་ཡོད་ལ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་གི་འཛུགས་སྐྲུན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་རང་ངོས་ནས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བླང་བྱ་གསལ་བོ་བཏོན་ཡོད། གྲོས་ཚོགས་ནས་བདམས་ཐོན་བྱུང་བའི་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འཐབ་ཕྱོགས་སོ་སོ། ལས་རིགས་སོ་སོ་བཅས་ཀྱི་ཏང་གི་སྲིད་སྐྱོང་རྐང་འཛིན་པ་དང་ཕུལ་བྱུང་འཐུས་ཚབ་པ་གཅིག་སྡུད་བྱས་ཡོད་ལ། ཁོ་ཚོའི་བྱང་ཚད་མཐོ་བ་དང་ཁེབས་ཚུལ་དོ་མཉམ་ཡིན་ལ། གྲུབ་ཚུལ་འོས་འཚམ་ཡིན་པས། ཏང་ཀྲུང་དབྱང་གི་རེ་བ་དང་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པར་མ་ཟད། མགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་སྡེའི་དོན་དངོས་དང་མཐུན་ལ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ཐུབ་པ་ཤ་སྟག་ཡིན། གྲོས་ཚོགས་ལས་ད་དུང་སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་བྱས་པའི་ཇུས་ཆོད་བཀོད་སྒྲིག་ཁག་དང་། བླངས་པའི་གྲུབ་འབྲས་ཁག་གིས་མི་འགྱངས་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པ་བཅས་ཀྱི་ཐད་དུ་མཛུབ་སྟོན་དང་ཁག་ཐེག་གི་ནུས་པ་ཧ་ཅང་གལ་ཆེན་འདོན་ངེས་པར་ང་ཚོ་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ཆ་ནས་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྗིད་པས། ངེས་པར་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། སྔར་ལས་རང་རྟོགས་སྒོས་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བྱེད་པ་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ངེས་པར་དུ་རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་གཞི་ལག་ལེན་བྱས་ནས། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་མི་དམངས་དང་ལངས་ཕྱོགས་གཅིག་མཐུན་དང་རེ་འདོད་གཅིག་མཐུན། བྱ་གཞག་མཉམ་སྒྲུབ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱི་འབོད་སྐུལ་ལེགས་པར་མཚོན་པ་དང་། འཐུས་མིའི་འགན་ནུས་ཡང་དག་པར་ལག་བསྟར་བྱས་ཏེ། ཏང་དང་མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱེད་དགོས། ངེས་པར་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཅངས་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྣེ་ཁྲིད་ནས་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་སྒྲིག་སྲོལ་དང་ཆབ་སྲིད་སྒྲིག་ལམ་སྣེ་ཁྲིད་ནས་བརྩི་སྲུང་བྱེད་པ། ཏང་གཤིས་བློ་སྦྱོང་དང་བྱང་ཚད་ནུས་པ་སྣེ་ཁྲིད་དེ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་གྱི་ཆེད་དུ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཕུལ་ནས། ཏང་ཡོན་ཡོངས་ལ་མིག་དཔེ་སྟོན་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་རྣམས་ཀྱི་ཡིད་ཆེས་སྟོང་ཟད་དུ་གཏོང་མི་རུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བྱེད་ཐབས་སྣ་མང་བརྒྱུད་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། རྒྱལ་ཁབ་མང་པོའི་སྲིད་ཏང་དང་རྩ་འཛུགས་ཀྱིས་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁོ་ཚོར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་བརྒྱུད་ནས་ཡང་བསྐྱར་རྒྱུགས་སྤྲོད་ཀྱི་ལམ་གསར་པའི་སྟེང་དུ་ཞུགས་ཡོད། ལོ་བརྒྱའི་རིང་ལ། ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་རྒྱལ་ཁ་རླབས་ཆེན་བླངས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བསྐྲུན། ལོ་བརྒྱའི་གྲུབ་འབྲས་ནི་འོད་སྟོང་རབ་ཏུ་ལྡན་ལ། ལོ་བརྒྱའི་ཏང་ཆེན་པོ་ལང་ཚོ་དར་ལ་བབས་ཡོད།   ང་ཚོར་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གཞན་གྱིས་ཡིད་སྨོན་བྱེད་པའི་སྔར་ལས་ཆེ་བའི་ངོ་མཚར་བྱས་རྗེས་གསར་པ་འཇོག་པའི་ཡིད་ཆེས་དང་ནུས་པ་ཡོངས་སུ་ཡོད། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས་ལོ་རྒྱུས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་རང་འགུལ་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། དཀའ་སྤྱད་འབད་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས།ཚོགས་ཆེན་གྱི་འདེམ་བསྐོའི་རྗེས་སུ། སྔོན་ཆད་དང་ད་ལྟ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། པེ་ཅིང་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོའི་ཏང་ཁག་དང་། ཏང་ཁག་གང་ལའང་མི་གཏོགས་པ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་སྐུ་མགྲོན་གྱི་ཚུལ་དུ་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡང་གྲོས་ཚོགས་ལ་ཟུར་ཞུགས་བྱས།ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་ནས་རྒྱལ་ཁའི་ངང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439200
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།