རི་འཛེགས་བྱ་འགུལ།
2022\6\24
དེ་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ལོ་རེའི་འཆར་ཅན་ལྟར་ཁྱུང་སྐོར་དུ་སོང་ནས་རི་འཛེགས་བྱ་འགུལ་སྤེལ་ཅིང་། རི་འཛེགས་བྱ་འགུལ་འདི་སྤེལ་བ་ལ་བརྟེན་ནས་དགེ་སློབ་ཡོངས་སློབ་རའི་ནང་དུ་ཡུན་རིང་བསྡད་པའི་ངལ་དུབ་སེལ་ནས་སེམས་ཁམས་བདེ་ཐང་ཡོང་བ་དང་། རང་བྱུང་ཁམས་དང་མིའི་བར་གྱི་བརྩེ་དུང་གསོ་སྐྱོང་དང་། སློབ་སྦྱོང་ནི་དཔེ་ངོས་ཙམ་མ་ཡིན་པར་ལག་ལེན་གྱི་འཚོ་བའི་ཁྲོད་དངོས་སུ་སྦྱོང་དགོས་པ་དང་། ཁྱད་པར་དུ་སྐོར་ལམ་གྱི་ཀྱག་ཀྱོག་དང་གཡང་གཟར་ཆེ་བའི་དཀའ་སྡུག་གི་ལམ་ཕྲན་རེ་རེ་བརྒྱུད་ནས་ཕུགས་ཀྱི་དོན་ལ་སྙིང་ལ་རུས་པ་བརྡབ་དགོས་པའི་དཔེ་སྟོན་དངོས་སུ་བྱས་པར་མ་ཟད། ལམ་སྐབས་སོ་སོ་ནས་ངལ་གསོས་ཏེ་འཛིན་གྲྭ་ཁག་གིས་རྩེད་མོའི་འཁྲབ་སྟོན་སྣ་ཚོགས་བྱས་པས། དགེ་སློབ་ཡོངས་དབྱར་གཞུང་གི་ཕང་བ་ནས་སྔར་མེད་པའི་སྤྲོ་སྣང་དང་མྱོང་ཚོར་ཟབ་མོས་ཡོངས་སུ་ཁྱབ།












གསར་འགོད་པ། འབའ་སྣང་གྲོལ།
|