སློབ་གླིང་གི་གསར་འགྱུར། དབྱིན་ཡིག་ངག་རྩལ་འགྲན་སྡུར།
༢༠༢༢ལོའི་སྤྱི་ཟླ་༤ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་སྤེལ་བའི་སྐབས་བརྒྱད་པའི་དབྱིན་ཡིག་ངག་རྩལ་མགྲན་སྡུར་ཆེན་མོ་དེ་གླིང་སྟོད་སྒྲ་སྒྱུར་གཙུག་ལག་གླིང་དུ་སྤེལ་ཞིང་། འགྲན་སྡུར་སྟེང་དུ་དགེ་སློབ་སྟོང་ཕྲག་ལྷག་མཉམ་ཞུགས་གནང་བར་མ་ཟད། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་འགའ་ཡང་ཐེངས་འདིའི་དབྱིན་སྐད་འགྲན་ཚོགས་སུ་ཞུགས། དབྱིན་སྐད་འགྲན་སྡུར་ལ་དབྱིན་གླུ་དང་། དབྱིན་སྐད་ཀྱི་གཏམ་བཤད། དབྱིན་སྐད་ཀྱི་བཞད་གར། དབྱིན་སྐད་གྱེར་འདོན་སོགས་ཀྱི་འགྲན་སྡུར་ཡོད་ཅིང་། འདི་ལ་བརྟེན་ནས་མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱི་སློབ་མ་རྣམས་ཀྱི་དབྱིན་སྐད་ཀྱི་སྨྲ་ལྕེ་དང་སྤོབས་པ། ཕན་ཚུན་གྱི་མིག་དཔེ་སོགས་ལ་སློབ་སྦྱོང་གི་སྐུལ་སློང་བྱེད་ཀྱིན་ཡོད། ཐེངས་འདིའི་དབྱིད་སྐད་འགྲན་སྡུར་གྱི་དཔྱད་འདེམས་པ་དག་ནི་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ལིང་གོ་ཞང་དང་། རྩྭ་ཐང་བུ་མོ་སློབ་གྲྭའི་དབྱིན་ཡིག་དགེ་རྒན་བསམ་གཏན་རྒྱ་མཚོ་དང་དབྱིན་ཡིག་དགེ་རྒན་ཚེ་རིང་མཚོ་བཅས་ཡིན་ཞིང་། དགེ་རྒན་རྣམས་ཀྱིས་འདྲ་མཉམ་དང་དྲང་བདེན། གཟབ་ནན་གྱི་ངང་ནས་འགྲན་ཞུགས་སློབ་མ་རེ་རེར་དཔྱད་འཇོག་གི་སྐར་མ་གནང་བར་མ་ཟད། མཇུག་ཏུ་དཔྱད་འདེམས་པ་དགེ་རྒན་རྣམ་པས་དབྱིན་སྐད་ཀྱི་ལམ་ནས་སྤྱི་སྡོམ་གྱི་གཏམ་བཤད་གནང་། ཐེངས་འདིའི་དབྱིན་ཡིག་ངག་རྩལ་འགྲན་སྡུར་ཁྲོད་ཨང་དང་བོ་མཐར་ཕྱིན་དང་བོ་དང་། ཨང་གཉིས་པ་མཐོ་གཅིག་གཉིས་པ། ཨང་གསུམ་པ་མཐར་ཕྱིན་གཉིས་པ། ཨང་བཞི་བ་མཐོ་གཉིས་གཉིས་པ། ཨང་ལྔ་བ་མཐོ་གཉིས་དང་བོ། ཨང་དྲུག་པ་མཐོ་གཅིག་དང་བོ། ཨང་བདུན་པ་རྩྭ་ཐང་བུ་མོའི་སློབ་གྲྭ། ཕུལ་བྱུང་འཛིན་གྲྭ་མཐར་ཕྱིན་དང་བོ་བཅས་ལ་ཐོབ་ནས་དགེ་རྒན་རྣམ་པས་གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་ཏེ་མཇུག་བསྡུས་སོ།།

ཚོགས་རའི་ཡུལ་ངོས།
དབྱིན་སྐད་ཀྱི་གཏམ་བཤད་བྱེད་བཞིན་པ།
དབྱིན་གླུ་ལེན་བཞིན་པ།
དབྱིན་སྐད་ཀྱི་ལམ་ནས་བཞད་གར་འཁྲབ་སྟོན་བྱེད་བཞིན་པ།
དབྱིན་སྐད་ཀྱི་གྱེར་འདོན་བྱེད་བཞིན་པ།
ཐེངས་འདིའི་དཔྱད་འདེམས་པ།
ཤེས་རིག་གླིང་གི་སློབ་གཙོ་གཅོད་པ་ཚེ་རིང་ལགས་ཀྱིས་གཟེངས་བསྟོད་བྱ་དགའ་སྟེར་བཞིན་པ།
རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཟེངས་བསྟོད་བྱ་དགའ་སྟེར་བཞིན་པ།
དགེ་རྒན་དང་འགྲན་ཞུགས་སློབ་མའི་མཉམ་པར།
གསར་འགོད་པ། འབའ་སྣང་གྲོལ།
|