སློབ་གླིང་གསར་འགྱུར། རྐང་གྲུག་འགྲན་སྡུར།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ལོ་རེར་བྱ་འགུལ་གྱི་རྣམ་གྲངས་མང་བོ་ཞིག་སྤེལ་གྱིན་ཡོད་པ་ལས། ལོ་རེ་འཆར་ཅན་བཞིན་དུ་སྤེལ་བའི་སྲོང་བཙན་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ཆེན་མོ་དེ་ ༢༠༢༢ལོའི་སྤྱི་ཟླ་༣ཚེས་༢༡ཉིན་ནས་བཟུང་སྤེལ་འགོ་བརྩམས་པ་དང་། སློབ་གླིང་སྤྱིའི་ལུས་རྩལ་གྱི་འགན་འཛིན་པ་དགེ་རྒན་བསམ་འཕེལ་རྡོ་རྗེ་དང་ལུས་རྩལ་རྩ་འཛུགས་ཚན་ཆུང་གིས་ཐེངས་འདིའི་རྐང་གྲུག་འགྲན་སྡུར་གྱི་ཐོག་མཐར་བར་གསུམ་དུ་བཀོད་སྒྲིག་དང་ལྟ་རྟོགས་ལེགས་པོ་བྱས། སློབ་གླིང་གི་འཛིན་གྲྭ་ཡོངས་རྐང་གྲུག་འགྲན་སྡུར་ནང་དུ་ཞུགས་པར་མ་ཟད། དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་ཉིན་རེའི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་འཛིན་གྲྭ་སོ་སོའི་རྒྱལ་ཕམ་གྱི་རྟིང་ཐག་རིམ་བཞིན་བཅད་པ་དང་། ཚེས་༢༦ཉིན་ཆེས་མཐའ་འཇུག་གི་རྟིང་རྩོད་འགྲན་སྡུར་བྱས་ཤིང་། ཐེངས་འདིའི་གཟའ་འཁོར་གཅིག་གི་རྐང་གྲུག་འགྲན་སྡུར་ཁྲོད་ཨང་དང་བོ་མཐོ་གཅིག་གཉིས་པའི་རུ་ཁག་དང་། ཨང་གཉིས་པ་མཐར་ཕྱིར་དང་བོའི་རུ་ཁག ཨང་གསུམ་པ་མཐོ་གཅིག་དང་བོའི་རུ་ཁག རྟིང་སྐུལ་བྱ་དགའ་དམའ་གཅིག་རུ་ཁག་བཅས་ལ་ཐོབ་པར་མ་ཟད། མཐར་ཕྱིན་དང་བོའི་ཚེ་རིང་ལ་ཕུལ་བྱུང་རྐང་གྲུག་པ་དང་། མཐོ་གཅིག་གཉིས་པའི་རིན་ཆེན་རྡོ་རྗེ་ལ་ཕུལ་བྱུང་སྒོ་སྲུང་བའི་གཟེངས་རྟགས་སྤྲད་དེ་ཐེངས་འདིའི་འགྲན་སྡུར་ཡོངས་སུ་མཇུག་བསྡུས།

འཛིན་གྲྭ་སོ་སོའི་རྐང་རྩེད་རུ་ཁག་རྣམས་ལུས་རྩལ་ཐང་དུ་གྲལ་བསྒྲིགས་པ།

སྒོ་སྲུང་བས་སྤོ་ལོ་འགོག་པ།

རྐང་རྩེད་པས་སྤོ་ལོ་འདེད་པ།

བྱ་དགའ་སྤྲོད་པ།

ཨང་དང་བོ་མཐོ་གཅིག་གཉིས་པའི་རུ་ཁག

ཨང་གཉིས་པ་མཐར་ཕྱིར་དང་བོའི་རུ་ཁག
ཨང་གསུམ་པ་མཐོ་གཅིག་གཉིས་པའི་རུ་ཁག
རྟིང་སྐུལ་བྱ་དགའ་ཐོབ་པའི་དམའ་གཅིག་རུ་ཁག

ཕུལ་བྱུང་རྐང་གྲུག་པ་མཐར་ཕྱིན་དང་བོའི་ཚེ་རིང་།
་
ཕུལ་བྱུང་སྒོ་སྲུང་བ་མཐོ་གཅིག་གཉིས་པའི་རིན་ཆེན་རྡོ་རྗེ།

ཤན་འབྱེད་པའི་དཔུང་སྡེ།

རྒྱལ་ཁའི་རྟགས་མ།
གསར་འགོད་པ། འབའ་སྣང་གྲོལ།
|