སློབ་གླིང་གསར་འགྱུར། ཤེས་རིག་འགྲན་གླེང་།
སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༣ཚེས་༡༧ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་བརྒྱ་དང་གོ་བརྒྱད་པའི་ཤེས་རིག་འགྲན་གླེང་ཆེན་མོ་སྒྲ་སྒྱུར་གཙུག་ལག་ཁང་དུ་འཚོགས་ཤིང་། བྱ་འགུལ་སྟེང་དུ་དགེ་སློབ་སྟོང་ཕྲག་ལྷག་མཉམ་ཞུགས་བྱས། འགྲན་སྡུར་ལ་རྩོད་རིག་འགྲན་སྡུར་དང་། སྐད་རིགས་འགྲན་སྡུར། སྐབས་བབ་སྦྱང་བྱ་འགྲན་སྡུར། ཁྲིམས་ལུགས་ཤེས་བྱ་འགྲན་སྡུར། རི་མོ་འགྲན་སྡུར། རིག་རྩལ་འགྲན་སྡུར་སོགས་ཚུད་ཡོད་ཅིང་།

འགྲན་སྡུར་འདི་གཟའ་འཁོར་རེའི་ནང་དུ་ཐེངས་རེ་སྤེལ་གྱིན་ཡོད་པས། འཛིན་གྲྭའི་འཐུས་ཚབ་པ་སོ་སོས་གླེང་གཞི་གཅིག་གི་སྟེང་ནས་ལུང་དང་རིགས་པ། སྐད་རིགས་སྣ་ཚོགས་ཀྱི་བྱང་ཚད་སོགས་བསྡུར་ནས་རྒྱལ་ཕམ་འགྲན་རེས་བྱེད་ལ། དགེ་རྒན་རྣམས་ཀྱིས་དེ་ལ་བློ་གཟི་བོས་ཞིབ་མོར་བརྟགས་ནས་སྐར་གྲངས་སྟེར་བ་ཡིན།

འགྲན་བསྡུར་འདི་བརྒྱུད་ནས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་འདོན་གྱིན་ཡོད། ཤེས་རིག་འགྲན་གླེང་གི་སྤྱིའི་འགན་ལེན་པ་དགེ་རྒན་རྐང་ཚ་འཕྲིན་ལས་ལགས་ཀྱིས་ཐེངས་འདིའི་ཤེས་རིག་འགྲན་གླེང་གི་མགོ་མཇུག་བར་གསུམ་དུ་བཀོད་སྒྲིག་དང་ལྟ་རྟོགས་ལེགས་པོ་གནང་བ་དང་།
ཤེས་རིག་འགྲན་གླེང་ལ་ཞུགས་པའི་འཛིན་གྲྭ་སོ་སོའི་འཐུས་ཚབ་པ་དག་གིས་འཛིན་གྲྭ་སོ་སོའི་ལ་རྒྱ་དང་ཁོག་དཔུང་ཁྱེར་ནས་གྲལ་སྔུན་དུ་བསྡད་དེ་རེ་རེ་བཞིན་འགྲན་གླེང་ལ་ཞུགས་ནས་དགེ་སློབ་སྟོང་ཕྲག་ལྷག་གི་དབུས་ནས་རང་རང་གི་སློབ་སྦྱོང་གི་གྲུབ་འབྲས་དང་སྒྱུ་རྩལ་གྱི་འཇོན་ནུས་སྣ་ཚོགས་ངོམ་ནས་ཤེས་རིག་འགྲན་གླིང་གི་རྒྱལ་ཁའི་གཟི་བརྗིད་ཀྱི་དར་ཆ་བརྩོན་ལེན་བྱེད་པ་ཡིན།

མཐར་ཐེངས་འདིའི་ཤེས་རིག་འགྲན་གླེང་གི་དར་ཆ་མཐར་ཕྱིན་དང་བོར་ཐོབ་ནས་དགེ་སློབ་ཡོངས་ཀྱི་དགའ་བསུའི་ཐལ་སྒྲའི་ཁྲོད་ཐེངས་འདིའི་ཤེས་རིག་འགྲན་གླེང་མཇུག་རྫོགས།
གསར་འགོད་པ། འབའ་སྣང་གྲོལ།
|