སློབ་གླིང་གསར་འགྱུར།
ངེད་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱི་མཚམས་སྦྱོར་འོག སྡེ་དགེ་རྫོང་རྫ་ས་སྐྱ་དགོན་གྱི་བསྟན་བདག་རིས་མེད་དགེ་ལས་སློབ་གསོ་བ་སྤྲུལ་བཀྲ་ཤིས་མགོན་པོ་མཆོག་གིས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་དམངས་སྒོར་ཁྲི་བརྒྱའི་ཞལ་འདེབས་གནང་རྒྱུ་ཞལ་བཞེས་གནང་བ་ལྟར། ལོ་རེར་ཁྲི་ཉི་ཤུ་རེ་གནང་བཞིན་པ་དེ་ད་ལོར་ཡང་ཁོང་གི་གཉེར་བ་ཆེད་མངགས་ཀྱིས་སློབ་གླིང་ལ་དངོས་སུ་བསྐྱལ་ནས་ཕེབས་པས་དགེ་སློབ་ཡོངས་ཀྱིས་ཁོང་དཔོན་གཡོག་ལ་ཐུགས་རྗེ་ཆེ་ཞུས།



གསར་ཁུངས། འཇིགས་མེད་རྒྱལ་མཚན་སློབ་གསོའི་འཕྲིན་སྟེགས།
|