རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབར་རྫས་ལས་སྣོན་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབར་རྫས་ལས་སྣོན་ཆེད་ལས་
རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབར་རྫས་ལས་སྣོན་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-11-13ལྟ་ཀློག (6945)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབར་རྫས་ལས་སྣོན་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།


གཞི་རྩའི་གནས་ཚུལ།

      རྒྱུས་ལོན་བྱས་པ་ལྟར་ན་མཉམ་སྒྲུབ་ཚོང་སྡེ་འདི་ནི་རྩེ་ཁོག་ཉིན་ཤུག་རོང་བོ་སྡེ་གསུམ་གྱི་ན་གཞོན་རེ་འགས་ཁེ་ལས་གཙོ་གཉེར་གྱིས་བཙུགས་པ་ཞིག་ཡིན་ལ། ཁ་ཕྱོགས་གཙོ་བོ་ནི་འབྲོག་པའི་ཕྱུགས་ལས་ན་བེད་སྤྱོད་ཀྱི་རིན་ཐང་མེད་པ་དང་།  ཐོན་ལས་ཀྱིས་ཚོང་རར་འགྲིམ་ཐུབ་ཀྱིན་མེད་པའི་ཨོང་བ་དང་ལུད་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ཏེ་གསར་ལས་ཀྱི་རྣམ་པ་ཡོད་པ་དང་། དགོས་མེད་ཀྱི་དངོས་པོ་བེད་སྤྱོད་ཅན་དུ་གཏོང་བ། སྟབས་བདེ་ཞིང་ཕན་ནུས་འཛོམས་པ། ཁོར་ཡུག་ལ་བྱམས་ཤིང་བདེ་ཐང་ལ་འཚམས་པ། འབྲོག་མོའི་འབུད་རྫས་ལག་ཤེས་རིག་གནས་རྒྱུད་སྤེལ་དང་མང་ཚོགས་ཀྱི་ཁེ་ཕན་མཐོ་རུ་འདེགས་པ་སོགས་ཕན་པ་མང་བོར་གཞིགས་ཏེ་ས་གནས་སློབ་ཆེན་སློབ་མ་བདུན་གྱིས་མ་དངུལ་སྒོར་ཁྲི་ 260 ལྷག་བཏང་ནས་སྤྱི་ལོ 2016 ལོའི་ཟླ 3 པར་མི་གཞན་གྱི་ཁང་བ་དང་ར་སྐོར་སོགས་ལ་གླ་རིན་སྒོར་ཁྲི་ 24 སྤྲད་དེ་མཉམ་སྒྲུབ་ཚོང་སྡེའི་ཆེས་ཐོག་མའི་ལས་གཞིའི་འགོ་བརྩམས།

      དེའི་ཚོགས་འདུ་ཁང་དང་གཞུང་སྒྲུབ་ཁང་སོགས་ཀྱི་ཡོ་བྱད་ལ་སྒོར་ཁྲི་ 12 བཏང་། གཞན་ཁལ་འདྲུད་རླངས་འཁོར་ཆེ་བ། 1 ཆུང་བ། 2 འབུད་རྫས་སྐྱེལ་འདྲེན་འཕྲུལ་རྟ་རྐང་གསུམ། 1 བཅས་ལ་སྒོར་ཁྲི 16 བཏང་འདུག

      2016 ལོའི་ཟླ 10 བའི་ཚེས 15 ཉིན་གསར་དུ་རྩེ་ཁོག་རྫོང་བདེ་འཇགས་ལམ་ནས་ས་མོའུ་21ལ་སྒོར་ཁྲི་ 63 བྱིན་ནས་མཉམ་སྒྲུབ་ཚོང་སྡེའི་གཏན་ཆགས་ཀྱི་འཛུགས་བསྐྲུན་བྱས་ཤིང་།  དེ་ལ་ཚོགས་འདུ་ཁང་། གཞུང་སྒྲུབ་ཁང་། ནོར་སྲིད་ཁང་། ཡིག་ཚགས་ཁང་། ཇ་ཁང་།  ལས་བཟོ་བའི་ཉལ་ཁང་། སྒོ་སྲུང་ཁང་། གཙང་སྤྱོད་ཁང་སོགས་རྨིད་གྲུ་བཞི་མ་ 200 ལྷག་དང་།  ལུད་ཁང་། ལས་སྣོད་ཁང་། འབུད་རྫས་སྐེམ་ཁང་། སྣོད་འཇུག་ཁང་།  ཨོང་མཛོད་ཁང་སོགས་ཀྱི་རྨིད་གྲུ་བཞི་མ 1800 ལྷག་ལ་སྒོར་ཁྲི 45བཏང་ནས་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད།

      གཞན་ལས་སྣོན་བྱེད་པའི་འཕྲུལ་ཆས་ལ་སྒོར་ཁྲི 34 དང་གློག་འཐེན་རིན་ལ་སྒོར་ཁྲི 14.6 བཏང་ནས་མཉམ་སྒྲུབ་ཚོང་སྡེའི་ལས་གཞི་དག་ལ་རྫོང་མི་དམངས་སྲིད་གཞུང་དང་རྫོང་དབུལ་སྐྱོར་ཅུའུ། རྫོང་ཞིང་ཕྱུགས་ཅུའུ། ཉིན་ཤུག་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས་མ་འོངས་པའི་མདུན་ལམ་ལ་ཕན་ནུས་རམ་འདེགས་ཆེན་པོ་བཟོས་ཡོད།

     གཞན་ད་རུང་ཨོང་བ་དང་ལུད་སོགས་ཀྱི་རང་བྱུང་ཁོར་ཡུག་དང་རྩྭ་ཐང་གི་མཛེས་ལྗོངས་ལ་གནོད་པ་ཆེན་པོ་ཡོད་པ་བསྡུ་ལེན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་། འབྲོག་པ་མང་ཚོགས་ཁྲོད་ལག་རྩལ་མེད་པ་དང་། ལས་ཀ་བཟང་ཤོས་རེག་ཐུབ་ཀིན་མེད་པའི་མ་མཐའི་འཚོ་བའི་ཁ་གསབ་ཅན་དང་དབུལ་ཁྱིམ་རྐྱང་བའི་མི 19 ལ་ཟླ་ལྔའི་རིང་ཟླ་རེར་ཟླ་ཕོག་སྒོར1800 བྱིན་ནས་ལོ་གཅིག་ལ་མི་རེར་ཡོང་འབབ་སྒོར 9000 ལྷག་གིས་རོགས་རམ་གང་ལེགས་དང་འཚོ་བའི་མདུན་ལྗོངས་ཡག་པོ་ཞིག་བསྐྲུན་ཨེ་ཐུབ་བལྟ་གིན་ཡོད་པ་ཞིག་ཆགས་འདུག


རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབར་རྫས་ལས་སྣོན་ཆེད་ལས་མཉམ་སྒྲུབ་ཚོང་སྡེ་གསར་འཛུགས་མཁན་གྱི་ན་གཞོན་བདུན།

རྩེ་རོང་ཆོས་མཆོག༼རྭ་རྒྱ་ཤེས་རིག་གླིང་གི་མཐར་ཕྱིན་སློབ་མ།༽སངས་རྒྱས།  འོད་སྲུང་།  འཇིགས་མེད་བློ་གྲོས། ༼རྭ་རྒྱ་ཤེས་རིག་གླིང་གི་མཐར་ཕྱིན་སློབ་མ།༽ འཇིགས་མེད་ཤེས་རབ།

བློ་བཟང་། ཐབས་མཁས།༼རྭ་རྒྱ་ཤེས་རིག་གླིང་གི་མཐར་ཕྱིན་སློབ་མ།༽


ཕྱུགས་ཐོན་ཁོར་སྲུང་འབར་རྫས་ལས་སྣོན་བྱེད་བཞིན་པ།


འབར་ཡུན་རིང་ཞིང་རྫས་ངན་གྱིས་མ་སྦགས་པའི་དུག་མེད་འབར་རྫས་གཙང་མ།


དེང་རབས་འཕྲུལ་ཆས་དང་གནའ་བོའི་ཕྱུགས་ཐོན་མཉམ་འབྲེལ།


ཞིང་ཆེན་དང་ཁུལ་རྫོང་སོགས་ཀྱི་གནད་ཡོད་འགོ་ཁྲིད་གཟིགས་ཞིབ་ཏུ་ཕེབས་པ།


འབུད་རྫས་སྐེམ་ཁང་གི་ཟུར།


འབྲོག་པའི་ཨོང་བའི་ལག་རྩལ།


     མ་འོངས་པར་རྩེ་ཁོག་རྫོང་རྩེ་རོང་ཚན་རྩལ་ཁོར་སྲུང་འབར་རྫས་ལས་སྣོན་ཆེད་ལས་མཉམ་སྒྲུབ་ཚོང་སྡེས་ལས་སྣོན་གང་བྱས་བོད་ཁུལ་གྱི་ས་གནས་སོ་སོར་འགྲེམ་འཚོང་བྱེད་འཆར་ཡོད་པས་འཛད་སྤྱོད་པས་དུས་ལྟར་རྒྱབ་སྐྱོར་དང་མངགས་ཉོ་བྱེད་རྒྱུ་མ་བརྗེད།

འབྲེལ་གཏུག་ཁ་པར།


རྩེ་རོང་ཆོས་མཆོག

15597681811

སངས་རྒྱས།

18197415888


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25441002
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།