༄༅། །ཀན་སུའུ་ཞིང་ཆེན་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀན་སུའུ་གཙོས་གྲོང་ཁྱེར་དུ་བསྡུས།

དང་པོ། ནང་དོན་གནད་བསྡུས།
ཀན་སུའུ་གསོ་རིག་དོ་དམ་ཅུས་ཀྱིས་རྒྱབ་སྐྱོར་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་ལུགས་སྨན་ཁང་གིས་དངོས་སུ་བསྒྲུབས་པ་ཡིན་ལ་མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཆེད་མཁས་སྨན་པ་དང་བླ་བྲང་དགོན་གཙོ་བྱས་དགོན་སྡེ་སོ་སོའི་སྨན་པ་དང་གསོ་རིག་སློབ་ཚོགས་སོ་སོ། ཁུལ་དང་རྫོང་ཡུལ་ཚོ་གཞི་རིམ་སློབ་གྲྭ་སོ་སོ་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་ལྔ་བརྒྱར་ཉེ་བ་དངོས་སུ་ཚོགས་ཞུགས་བྱས་ཡོད།

ཚོགས་རའི་ཟུར་ངོས་ཤིག

འགྲེམ་སྟོན་ཁང་།

དེ་རིང་སྔ་དྲོ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྨད་བོད་ལུགས་སྨན་ཁང་གི་ཡུལ་དངོས་ལ་ལྟ་སྐོར་དུ་ཕྱིན། དེ་ནས་ཀན་ལྷོ་ཁུལ་གྱི་གསོ་རིག་ཞིབ་འཇུག་ཁང་དུ་ཕྱིན། གསོ་རིག་ཞིབ་འཇུག་ཁང་གི་མི་ལོ་བཞི་བཅུའི་རིང་གི་འབད་བརྩོན་གྱི་གྲུབ་འབྲས་ལས་སྲོལ་རྒྱུན་གསོ་རིག་གི་ལོ་རྒྱུས་དང་དཔེ་རྙིང་འཚོལ་བསྡུ་དང་དམར་དཔེ་བཤམས་སྟོན་ཁང་སོགས་ཁྱད་ཆོས་འབུར་དུ་ཐོན་པ་དེ་དག་གིས་ཚོགས་མི་ཡོངས་ལ་དགའ་བ་དང་མིག་རྒྱ་ཆེན་པོ་བསྐྱེད་བྱུང་།
ཕྱི་དྲོ་རྒྱལ་ཁམས་རིམ་པའི་གསོ་རིག་མཁས་དབང་ཆེན་མོ་རྒན་བློ་བཟང་ཉི་མ་དང་མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་སྤྱི་གཉེར་བ་འཇིགས་མེད་ཕུན་ཚོགས། མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་རྒན་ཏིང་འཛིན།
ཐེངས་འདིར་ཕེབས་པའི་གདན་ཞུའི་མཁས་དབང་རྒན་བློ་བཟང་ཉི་མ། རྒན་བདུད་འདུལ། རྒན་རྟ་མགྲིན་རྒྱལ། རྒན་ཚེ་བཀྲ། རྒན་ཏིང་འཛིན། རྒན་དགའ་བའི་རྡོ་རྗེ། རྒན་ཀླུ་བྱམས་རྒྱལ། རྒན་བྱ་མདོ་ཀླུ་བྱམས་རྒྱལ། རྒན་ཐོགས་མེད། རྒན་བཀྲ་ཤིས་དོན་འགྲུབ། རྒན་ཀྲང་འར་ཆང་། རྒན་སོན་ཡ་ལིས་སོགས་དངོས་སུ་ཚོགས་ཞུགས་བྱས་ཡོད།

ས་གནས་ཀན་སུའུ་གཙོས་གྲོང་ཁྱེར།
དུས་ཚོད།༢༠༡༧ལོའི་ཟླ་༩པའི་ཚེས་༡༥ཉིན།
གསར་འགོད་པ། ཆོས་མགོན།
|