ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།
ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-08-29ལྟ་ཀློག (5017)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།


    ལོ་རེའི་སྤྱི་ཟླ་8པའི་ཚེས་25ཉིན་ནི་ཀྲེ་ཅང་སློབ་ཆེན་གྱི་གསར་ཞུགས་སློབ་མའི་མིང་ཐོ་འགོད་པའི་ཉིན་མོ་རེད། ད་ལོ་སྟེ་༢༠༡༧ལོར་མིང་ཐོ་བཀོད་པའི་གསར་ཞུགས་སློབ་མའི་ཁྲོད་དུ་ལོ་བཅུ་བདུན་མན་གྱི་སློབ་མ་ཅུང་མང་།  ལྷག་ཏུ་གླེང་རན་ཡོད་པ་ཞིག་ནི་དེ་དག་གི་ཁྲོད་ལས་ལོ་ན་ཆེས་ཆུང་བ་ནི་ཉིན་བཅུའི་ཡར་སྔོན་ཏག་ཏག་ཏུ་ལོ་བཅུ་གསུམ་ལོན་པའི་སྐྱེས་སྐར་རོལ་བའི་བུ་མོ་ཆུང་ཆུང་ཞིག་རེད།

      རྒྱུས་ལོན་བྱས་པ་ལྟར་ན་མོ་ནི་ཉེ་བའི་ལོ་འདི་དག་རིང་ཀྲེ་ཅང་སློབ་ཆེན་གྱིས་བླངས་པའི་ལོ་ན་ཆེས་ཆུང་བའི་སློབ་མ་ཡིན་པར་གྲགས།

བུ་མོ་ཆུང་ཆུང་འདི་ལོ་དྲུག་གི་སྟེང་སློབ་ཆུང་འགྲིམ་སྟེ་ལོ་བདུན་གྱི་སྟེང་དམའ་འབྲིང་དུ་ཞུགས།


སློབ་འབྲས་ཕུལ་བྱུང་གི་བྱ་དགའ་ལེན་བཞིན་པ།

     ལོ་དགུའི་སྟེང་ཀོང་ཏུང་ཀྲེ་ཅང་གྲོང་ཁྱེར་ཡོངས་ལས་ཨང་13པའི་རྒྱུགས་འབྲས་བླངས་ཏེ་གྲོང་ཁྱེར་དེ་གའི་མཐོ་འབྲིང་དུ་ཞུགས། ལོ་བཅུ་གཉིས་སྟེང་མཐོ་རྒྱུགས་སུ་ཞུགས་ཏེ་སྐར་མ་620ཡི་རྒྱུགས་འབྲས་བླངས་ཏེ་ད་ལོར་དངོས་སུ་ཀྲེ་ཅང་སློབ་ཆེན་དུ་ཞུགས།

     བུ་མོ་ཆུང་ཆུང་འདིའི་མིང་ལ་ཁྲིན་ཧྲུའུ་དབྱིང་(陈舒音)ཟེར་ཞིང་མོའི་སྦྱང་འབྲས་ཡིས་མོ་གང་དུ་སོང་ཡང་སློབ་གྲྭ་དེ་གའི་སྐར་ཆེན་གཅིག་པུར་གྱུར་འགྲོ།

མོའི་གཡས་གཡོན་གྱི་མི་ཚང་མས་མོ་ལ་ལྷ་མོ་རུ་འབོད་པ་ཡོད་མོད།

     ཡིན་ནའང་མོ་དང་མོའི་ཕ་མས་གྲུབ་འབྲས་འདི་འདྲ་ཞིག་ལེན་ཐུབ་པ་ནི་དགེ་རྒན་དང་སྦྱང་བརྩོན་གྱིས་བཀའ་དྲིན་ཡིན་པ་ལས་རང་སྟོབས་ཀྱི་ཁྱད་ནུས་སུ་གཏན་ནས་འདོད་ཀྱིན་མེད།

     མོ་ན་རེ། ང་ཁྱད་པར་བ་ཞིག་ཡིན་སྣང་གཏན་ནས་སྐྱེས་མ་མྱོང། ངས་གྲུབ་འབྲས་འདི་འདྲ་ཞིག་ལེན་ཐུབ་པ་ནི་དགེ་རྒན་གྱི་བཀའ་དྲིན་རང་ལས་མ་འདས་བཅས་བཤད་པ་དང་། མོའི་ཕ་མས་ཀྱང་ཐ་ན་གསབ་སྦྱོང་འཛིན་གྲྭ་དང་ཁྱིམ་ཚང་རང་ནས་ཕ་མས་ཟུར་ཁྲིད་ཙམ་ཡང་བྱ་མྱོང་མེད་པར་བཤད།

     མོས་རང་ཉིད་ཞིབ་འཇུག་གི་ལམ་བུར་ཞུགས་རྒྱུའི་འཆར་གཞི་འཐེན་ཟིན་ལ་མོའི་ཨ་ཕས་མོ་རང་སྤྱི་ཚོགས་དང་མིའི་རིགས་ལ་ཕན་ཐོགས་མཁན་ཞིག་ཏུ་གྱུར་ན་ཅི་ཞིག་སློབ་རུང་འཐད་པ་ཡིན་ཚུལ་བཤད་འདུག

རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བསྒྲིགས་བསྒྱུར་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he7k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།   སྤེལ་མཁན།: ཚེ་རིང་བཀྲ་ཤིས། སྤེལ་དུས:2017/9/17
དགོན་སྡེ་ཁྲོད་དེ་ལས་ལྷག་པའི་ལོ་ཆུང་ཡོད་ན་ཐང་།
  ལོ་ན་༡༣ཅན་གྱི་སློབ་ཆེན་སློབ་མ་ཞིག་གི་ངོ་མཚར་བའི་སློབ་འབྲས།   སྤེལ་མཁན།: དྲང་སྲོང་། སྤེལ་དུས:2017/8/29
སློབ་སྦྱོང་ཡར་ཐོན་གཟེངས་བསྟོད་བྱ་དགའ་དམངས་སྒོར་ཁྲི་100000.00བླངས་ཡོད་ཀི ངོ་མ་ངར་བ་ཟེར་ནོ་རེད། བོད་པ་ཚང་ལ་ལོ་ན་༡༣ཅན་གྱི་སློབ་ཆེན་པ་དུ་ཡོད། ཚང་མས་ཤོད་དང་།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25438949
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།