རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བག
རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-08-24ལྟ་ཀློག (5710)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ།


       སྤྱི་ལོ་༢༠༡༧ལོའི་ཟླ་༨པའི་ཚེས༢༣ནས༢༥བར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་གྲོས་ཚོགས་ཁང་དུ་རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་བསྡུས་དོན།

     མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་དང་མགོ་ལོག་ཁུལ་འཕྲོད་འཆར་ཨུ་ཡོན་ལྷན་ཚོགས་གཉིས་དང་།  མགོ་ལོག་ཁུལ་ཧི་མ་ལ་ཡ་བོད་ཀྱི་གསོ་རིག་མཐུན་ཚོགས་དང་། མགོ་ལོག་ཁུལ་བོད་སྨན་རྩིས་ཁང་། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་།  དར་ལག་རྫོང་བོད་ལུགས་སྨན་རྩིས་ཁང་།  དགའ་བདེ་རྫོང་བོད་སྨན་ཁང་། པདྨ་མ་རྫོང་བོད་སྨན་ཁང་སོགས་ཀྱིས་མཉམ་དུ་བསྒྲུབས་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྨ་ཡུལ་གླིང་གི་ཕ་ས་ཡུལ་མགོ་ལོག་ནས་བདེ་ལེགས་ངང་འཚོགས་ཡོད།

    པེ་ཅིན་བོད་སྨན་ཁང་དང་ཞིང་ཆེན་གསུམ་གྱི་བོད་སྨན་ཁང་།  ཞིང་ཆེན་གསོ་རིག་སློབ་ཚོགས། ཁུལ་དང་རྫོང་སོ་སོའི་བོད་ལུགས་སྨན་རྩིས་ཁང་། དགོན་སྡེ་དང་གསོ་རིག་སློབ་གྲྭ་སོགས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོད་ལུགས་གསོ་རིག་ལ་མོས་པ་ཆེ་བའི་སྐུ་མགྲོན་ལྔ་བརྒྱ་ལྷག་ལ་ཉེ་བ་དངོས་སུ་ཚོགས་ཞུགས་བྱས་ཡོད་ལ་རྒྱལ་ཡོངས་མིང་གྲགས་སྨན་པ་རྒྱ་ཡེའི་ཉི་མ་དང་བོད་ཀྱི་གསོ་རིག་ལ་བྱས་རྗེས་བླ་ལྷག་ཆེ་བའི་མགོ་ལོག་སྨན་རམས་པ་ཁ་ལོ།  མགོ་ལོག་དབང་འབུམ་གྱི་སྨན་རམས་པ་རྒན་ཏིང་འཛིན། མགོ་ལོག་གཏེར་སྟོན་སྨན་པ་སྟག་ལྷ།  སྨན་རམས་པ་ཀརྨ་ཚོགས་གཉིས། མགོ་ལོག་ཁུལ་བོད་སྨན་ཁང་གི་མཛུབ་སྟོན་དགེ་རྒན་གཡང་དར། དངུལ་ཁབ་མཁན་པོ་གླིང་བ་བྱང་རིག་ཁོ་སོགས་མཁས་དབང་དུ་མས་དེང་དུས་སུ་དར་ཁྱབ་ཆེ་བའི་ཚ་བ་གཉན་རིམས་ཀྱི་འབྱུང་ཁུངས་དང་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་སོགས་ཐུན་མོང་དང་ཐུན་མིན་གྱི་རིན་ཐང་བྲལ་བའི་བགྲོ་གླེང་གལ་ཆེན་མང་དུ་གནང་བ་དང་དེ་ལས་གཞན་བོད་ལུགས་གསོ་རིག་ལ་མཛད་རྗེས་ཆེ་བའི་སྐྱེས་བུ་གོང་མ་རྣམས་ཀྱིས་གསུང་ཆོས་ལ་བརྟེན་ནས་མ་འོངས་འབྱུང་འགྱུར་གསོ་རིག་གི་ཁ་ཕྱོགས་ཇེ་ལེགས་གཏོང་ཐད་སློབ་གསོའི་ཐབས་ལམ་གང་མང་བཏོན་པར་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།


    ཐེངས་འདིར་ཞིང་ཆེན་དབུ་འཛིན་བློ་འདྲི་ཁང་གི་མགོ་ལོག་པདྨ་རྣམ་རྒྱལ་དང་མགོ་ལོག་ཁུལ་ཨུ། ཁུལ་སྲིད་གཞུང་། ཁུལ་གཙོ་དབང་རྒྱལ་བཀྲ་ཤིས་དང་ཁུལ་གཙོ་གཞོན་པ་འབྲུག་སྐྱིད།  ཁུལ་འཕྲོད་བསྟེན་མགོ་གཙོ་བུན་པོ་འཇིགས་སྟོབས། ཧི་མ་ཡ་ལའི་ལས་འཛིན་རབ་བསྟན་དང་ཁུལ་བོད་སྨན་ཁང་གཙོ་བྱས་ནས་འབྲེལ་ཡོད་སྡེ་ཁག་དང་མི་སྣ་སོ་སོ་ནས་རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ཤིག་འཚོག་པར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སོར་བཅུའི་ཐར་མོ་སྙིང་ཁར་སྦྱར་ནས་བཀའ་དྲིན་ཆེ་ཞུ་བའོ།།

ས་གནས། 
མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་གྲོས་ཚོགས་ཁང་།
དུས་ཚོད།

༢༠༡༧ལོའི་ཟླ་༨པའི་ཚེས༢༣ནས༢༥བར་ཡིན།


གསར་འགོད་པ།
ཆོས་མགོན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྒྱལ་ཡོངས་བོད་ལུགས་གསོ་རིག་ཚ་བ་གཉན་རིམས་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ།   སྤེལ་མཁན།: ་་་་ སྤེལ་དུས:2017/8/24
མགོ་ལོག་གིས་འདི་འདྲ་ཞིག་དྲན་པ་འདི་ཡ་མཚན་རེད། མུ་མཐུད་དུ་འདི་ལྟ་བུའི་རིག་གཞུང་བགྲོ་གླེང་སྣ་ཚོགས་རེ་འཚོག་པར་རེ་བ་ཡོད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25440937
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།