སློབ་གྲོགས་ལྷན་འཛོམས་ལས་བྱུང་བའི་འཆར་སྣང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་གྲོགས་ལྷན་འཛོམས་ལས་བྱུང་བའི་འཆར་སྣང་།
སློབ་གྲོགས་ལྷན་འཛོམས་ལས་བྱུང་བའི་འཆར་སྣང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-08-02ལྟ་ཀློག (3771)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གྲོགས་ལྷན་འཛོམས་ལས་བྱུང་བའི་འཆར་སྣང་།

——བཛྲ་ཚུལ་ཁྲིམས་རྒྱ་མཚོས།

ལས་དང་སྨོན་ལམ་བཙན་པོའི་མཐུ་སྟོབས་ཀྱིས།།

འུ་ཅག་བླ་མ་གཅིག་གི་སློབ་མར་བསྡུས།།

བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་སྡེར།།

ཆོས་སྤྱོད་ལྷན་ཅིག་བྱས་པའི་བྱུང་བའང་དྲན།།

འོན་ཀྱང་རང་རང་སོ་སོའི་བྱ་བཞག་གིས།།

གྱེས་ནས་མ་ཐུག་ལོ་ངོ་ཉེར་བརྒྱད་འདས།།

དེ་རིང་མདོ་སྨད་ས་ཡི་ཐིག་ལེ་སྟེ།།

གཙོས་ནས་སླར་ཡང་ལྷན་འཛོམས་བྱུང་འདི་སྐྱིད།།

སྔོན་གྱི་བྱུང་བ་སླར་ཡང་གླེང་ན་སྐྱིད།།

གཞོན་པའི་དུས་ཀྱི་སྣང་བ་བཤད་ན་སྐྱིད།།

སྣ་ཚོགས་རྩེད་མོའི་གར་དེ་དྲན་ན་སྐྱིད།།

སྐྱིད་སྡུག་གང་ཡོད་མ་སྐུང་བཤད་ན་སྐྱིད།།

འོན་ཀྱང་མི་རྟག་ཆོས་ཉིད་ཡ་ང་བས།།

གྲོགས་འགའ་གཏན་དུ་བྲལ་བས་སེམས་པ་སྐྱོ།།

ལ་ལ་རྒྱང་རིང་ཡུལ་ན་རང་རང་གི།

ལས་ལ་བྲེལ་བས་མ་མཇལ་ཞེ་རེ་སྐྱོ།།

སྤྲོ་དགའ་ཟླ་ཤེལ་ཞུན་མའི་ཕུང་བོའི་ངོགས།།

སྐྱོ་སྣང་ར་རིས་སྦགས་འདི་འཁོར་བའི་གཤིས།།

གཤིས་འདི་བསྒྱུར་ན་དམ་ཆོས་ཉི་མའི་འོད།།

སྙིང་ལ་བསྐྱིལ་དགོས་གནད་དེ་སེམས་ལ་བབས།།

གསར་འགྱུར་མཁོ་སྤྲོད་པ།  སེང་དཀར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ec4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440969
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།