སློབ་གླིང་གསར་འགྱུར།
སྤྱི་ལོ་༢༠༡༧ལོའི་ཟླ་༥ཚེས་༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་གཏན་འཁེལ་ལྟར་སྐབས་གཉིས་པའི་༼གཏམ་བཤད་ནོར་བུའི་ཕྲེང་བའི་༽འགྲན་བསྡུར་གླིང་སྨད་ཀྱི་ཚོགས་ཁང་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་ཚོགས་ཐོག་ཏུ་དགེ་སློབ་ཡོངས་དང་མ་ཡུམ་བྱམས་བརྩེ་ཚོགས་པ་བཅས་ཚོགས་མི་ཆིག་སྟོང་ལྷག་ཞུགས། ཐེངས་འདིའི་གཏམ་བཤད་འགྲན་བསྡུར་ལ་སློབ་བུ་ཉེར་བཞི་དངོས་སུ་ཞུགས་ཤིང་། དེའི་ཁྲོད་ཀྱི་སྐར་གྲངས་མཐོ་ཞིང་གྲུབ་འབྲས་ལེགས་པའི་སློབ་གྲོགས་བཅུ་དང་འཛིན་གྲྭ་གཅིག་བཅས་ལ་བྱ་དགའ་ཐོབ་པར་མ་ཟད། མཇུག་ཏུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་འགྲན་བསྡུར་གྱི་སྤྱི་སྡོམ་དང་འབྲེལ་ཏེ་གཏམ་བཤད་ཀྱི་ཕྱོགས་སུ་བཀའ་སློབ་ལམ་སྟོན་གནང་ཞིང་། འགྲན་ཞུགས་པ་དག་གི་སྨྲ་བརྗོད་དང་སྤོབས་པ། ཡོན་ཚད་བཅས་ལ་ཚད་མཐོ་བའི་གདེང་འཇོག་གནང་། ད་དུང་ཐེངས་འདིར་སྦྱིན་བདག་གནང་མཁན་གྱི་སྤྲུལ་འཇིགས་མེད་ཀུན་བཟང་རང་གྲོལ་མཆོག་དང་། མ་ཡུམ་བྱམས་བརྩེ་དགེ་སྒྲུབ་ཚོགས་པ། སྐབས་ལྔ་བའི་མཐར་ཕྱིན་སློབ་གྲོགས་རྟ་ནག་སྐལ་བཟང་ལུང་རིགས་བཅས་ལ་བཀའ་དྲིན་ཞུ་རྟེན་དུ་གཟི་བརྗིད་རྟགས་མ་ཕུལ་ཞིང་། ཁོང་རྣམ་པའི་མཛད་འཕྲིན་རྒྱས་ཤིང་ཅི་བསམ་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུས།
བྱ་དགའ་ཐོབ་མཁན།
ཨང་དང་བོ། ནམ་པོ།
ཨང་གཉིས་པ། བློ་བཟང་རྒྱ་མཚོ། རྐང་བསོད་བློ།
ཨང་གསུམ་པ། ཀརྨ་ཚུལ་ཁྲིམས། ཚེ་རིང་རྡོ་རྗེ། འཇིགས་མེད།
ཨང་བཞི་བ། རྣམ་མཁྱེན་རྒྱལ། ཆོས་ཀྱི་རྒྱ་མཚོ། སྒྲ་དབྱངས། བསམ་གཏན་བཀྲ་ཤིས།
ཕུལ་བྱུང་འཛིན་གྲྭ།
མཐར་ཕྱིན་གཉིས་པ།
གཙོ་སྒྲུབ་གནང་མཁན།
གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།
སྤྱིའི་མཛུབ་སྟོན་དགེ་རྒན།
བླ་ནག་པ་སྐལ་ལྡན་རྒྱ་མཚོ།
རྩོམ་སྒྲིག་པ།
འཇིགས་མེད་ཕུན་ཚོགས། འཇིགས་མེད་དཔལ་བཟང་། སྨོན་ལམ་རྒྱ་མཚོ། སྐལ་བཟང་རྒྱ་མཚོ། དཔལ་ལྡན་ཕུན་ཚོགས། བསོད་ནམས་ལྷུན་གྲུབ།

ཚོགས་ར།

བྱ་དགའ།

རྒྱལ་ལྗོངས།

འགྲན་ཞུགས་པ།

འགྲན་ཞུགས་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་བཀའ་སློབ་གནང་བ།

སློབ་གྲོགས་རྣམས་ཀྱིས་གཟབ་ནན་ངང་ཉན་པ།

བྱ་དགའ་གནང་བ།

མཉམ་པར།

གཙོ་སྐྱོང་བ་རྣམས།
(གསར་འགོད་པ། སྐབས་གཉིས་པའི་གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།)
|