སློབ་གླིང་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » སློབ་གླིང་གསར་འགྱུར།
སློབ་གླིང་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-27ལྟ་ཀློག (4749)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 སློབ་གླིང་གསར་འགྱུར།

  གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་འཛིན་གྲྭ་སྟེ་བོད་མི་རྣལ་མའི་རུ་དཔུང་གི་སློབ་མ་༥༤ མ་ཡུམ་སློབ་གླིང་ནས་མཐར་ཕྱིན་རྗེས་མུ་མཐུད་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་། དེ་ལས་སློབ་མ་༣༥ ཡིས་ཆེད་སྦྱོང་བཏོན་རྗེས་སླར་ཡང་དངོས་གཞི་བཏོན་ཏེ་དེ་རིང་ཚང་མ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་སློབ་མཐར་ཕྱིན། སྤྱི་ཟླ་བཞི་བའི་ཚེས་༢༣ དང་། ༢༤ གཉིས་ལ་ནུབ་བྱང་གི་སློབ་ཁུལ་གསར་རྙིང་གཉིས་སུ་སློབ་མ་བཅུ་གསུམ་གྱིས་རང་རང་གི་མཐར་ཕྱིན་དཔྱད་རྩོམ་བརྗོད་གཞིར་བཟུང་ནས་དམ་བཅའ་བཞག ཁོ་ཚོ་ཚང་མར་སྨྲ་བརྗོད་དག་ཅིང་སྤོབས་པ་མཐོ་བ་དང་། ལྷག་པར་དུ་སློབ་བུ་ངག་དབང་ཤེས་རབ་ཀྱིས་མཚོན་པའི་སློབ་གྲོགས་རེ་ཟུང་ལ་དཔྱད་བརྗོད་དགེ་རྒན་རྣམ་པའི་བསྔགས་བརྗོད་ཀྱང་ཐོབ།



ཐེངས་འདིའི་མཐར་ཕྱིན་དཔྱད་རྩོམ་གྱི་ཁ་བྱང་གཤམ་དུ་བཀོད་པ་ལྟར།

དཔྱད་རྩོམ་སྒྲོག་སྦྱོང་བྱེད་ཀྱིན་པ།

དཔྱད་རྩོམ་སྒྲོག་སྦྱོང་བྱེད་ཀྱིན་པ།

1མིང་།  ངག་དབང་ཤེས་རབ། ས་གནས། བོད་ལྗོངས་ཆབ་མདོ།  ༼སྤྲིན་གྱི་ཕོ་ཉའི་སྒྱུ་རྩལ་གྱི་ཁྱད་ཆོས་མདོ་ཙམ་གླེང་བ༽

2མིང་། ཉི་མ་འབུམ། ས་གནས། མགོ་ལོག   མགོ་ལོག་འབུམ་པ་ཡུལ་གྱི་གྱོད་བཤད་ལས་འཕྲོས་ཏེ་སྐད་ཆའི་སྒྱུ་རྩལ་གླེང་བ།

3མིང་། རྡོ་རྗེ་རིག་འཛིན།  ས་གནས། མཚོ་ལྷོ།  ཆབ་ཆའི་རི་ཆུའི་རིག་གནས་ལ་རགས་ཙམ་དཔྱད་པ།

4མིང་།  དངོས་གྲུབ་ཚེ་རིང་།  ས་གནས། ཡུལ་ཤུལ།  པཎྜི་ཏ་སྨྲྀ་ཏི་ཛྙ་ན་ཀིརྟིའི་ལོ་རྒྱུས་དང་མཛད་འཕྲིན་རགས་ཙམ་གླེང་བ།

5མིང་།ཆུ་བ་བདེ་གསར།  ས་གནས། མགོ་ལོག  ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་བོད་ལ་ནང་ཆོས་ཇི་ལྟར་དར་ཚུལ་རགས་ཙམ་གླེང་བ།

6མིང་།དཀོན་མཆོག་ཚེ་དབང་།  ས་གནས། ཡུལ་ཤུལ།  བོད་ཀྱི་དམངས་སྲོལ་ལས་མནའི་རིག་གནས་ཅུང་ཙམ་གླེང་བ།

7མིང་།   བློ་གྲོས་ཉི་མ།  ས་གནས། མགོ་ལོག  དམངས་ཁྲོད་གཏམ་རྒྱུད་ལས་བྱིས་སྒྲུང་སྐོར་ལ་དཔྱད་པ།

8མིང་།  དེ་བ།  ས་གནས། མགོ་ལོག  ཇག་གླུ་དང་འབྲེལ་ཏེ་ཇག་པའི་རིག་གནས་ལ་ཅུང་ཙམ་དཔྱད་པ།

9མིང་།དགེ་ལེགས་རྒྱལ་མཚན།  ས་གནས་རྭ་རྒྱ་ལྷ་སྡེ།  སྲོལ་རྒྱུན་སྙན་ངག་དང་བཅད་གསར་ལ་རགས་ཙམ་དཔྱད་པ།

10མིང་།ཟུར་ཆུང་འཇམ་དབྱངས།  ས་གནས།ཡུལ་ཤུལ།  གུང་ཐང་སློབ་གཉེར་བསླབ་བྱ་ལས་འཕྲོས་ཏེ་སློབ་སྦྱོང་གི་ཐབས་ཤེས་ལ་རགས་ཙམ་དཔྱད་པ།

11མིང་། རྡོ་རྗེ་ཐར།  ས་གནས་སི་ཁྲོན་རྔ་བ། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་གླུའི་ཁྱད་ཆོས་དང་ངོ་བོ་རགས་ཙམ་གླེང་བ

12མིང་། རྟ་མགྲིན་ཐར།  ས་གནས། མཚོ་ལྷོ།  ༼མདའ་དང་འཕང་༽ལས་བོད་ཀྱི་འཛུགས་སྐྲུན་ཇུས་འགོད་དང་སྒྱུ་རྩལ་སྐོར་གླེང་བ།


མཐར་ཁོ་ཚོའི་མཛའ་བརྩེ་མཚོན་ཕྱིར་ལྷན་འཛོམས་ཀྱི་དགྱེས་སྟོན་རོལ་ནས་ལོ་ངོ་འདི་དག་གི་རིང་ལ་སོ་སོའི་སློབ་སྦྱོང་གི་ཉམས་མྱོང་དང་དཀའ་ངལ་སོགས་སྦ་གསང་མེད་པར་གླེང་མོལ་བྱས་པ་མ་ཟད། མ་འོངས་པའི་ཕུགས་བསམ་ལ་གྲོས་ཁ་དང་དམ་བཅའ་བཞག་རྗེས་གནས་སྐབས་སོ་སོར་གྱེས།

རྒྱལ་ཁའི་འབོད་པ།

བརྩེ་བའི་ལག་རྡང་།

རེ་བའི་མཛུམ་མདངས།

མཐར་ཕྱིན་མཉམ་པར།

           གསར་འགོད་པ་ཐེབ་པད་གྲོལ་གྱིས་༢༠༡༧-༤-༢༥ ཉིན་ནུབ་བྱང་མི་རིགས་སློབ་ཆེན་ནས་བྲིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 64va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440852
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།