བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།
བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-04-10ལྟ་ཀློག (8239)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

 བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན། 

   གསར་འགོད་པ།  འབའ་སྣང་གྲོལ། 

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གསེར་རྟ་བླ་རུང་སྒར་གྱི་མཁན་ཆེན་དམ་པ་བསོད་དར་རྒྱས་ཀྱིས་གདན་ཞུས་ལྟར་བྲག་འགོའི་ཕྱོགས་སུ་ཕེབས་ཏེ། ༢༠༡༧ ལོའི་ཟླ་༤ཚེས་༧ཉིན་༡༠ཉིན་མཁན་ཆེན་མཆོག་གིས་གསར་འཛུགས་གནང་བའི་ལི་ཁོག་ཤེས་རབ་བྱམས་བརྩེའི་སློབ་གླིང་དུ་སློབ་གྲྭ་གསུམ་གྱི་དགེ་སློབ་ཉིས་སྟོང་ལྷག་ལ། དགེ་སློབ་འོས་འགན་སློབ་གསོ་ཞེས་པའི་བརྗོད་གཞིའི་སྟེང་ནས་ཆུ་ཚོད་ལྔ་ལྷག་ལ་འཆད་ཁྲིད་དང་དྲི་བ་དྲིས་ལན་གནང་ཞིང་།  ཕྱི་དྲོར་མཁན་ཆེན་མཆོག་གིས་བཙུགས་པའི་དགེ་བསྙེན་གླིང་དུ་ཕེབས་ནས་ཆོས་ཁྲིད་དང་ལམ་རིམ་སྨོན་ལམ་སོགས་ཀྱི་ལུང་གནང་རྗེས་སློབ་ཆུང་ལ་གཟིགས་སྐོར་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་འདུག   བོད་ཀྱི་དམ་པ་རྣམ་གཉིས་ཀྱི་ད་རེབ་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན་སྐྱོང་ལུགས་འདི་ནི་བོད་གངས་ཅན་གྱི་ཆོས་རྒྱུད་གྲུབ་མཐའ་ཁག་ལ་མིག་དཔེ་གསར་བ་ཞིག་བསྟན་ཡོད་པས་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཀྱང་"མཁན་པོ་བསོད་དར་རྒྱས་ཀྱིས་གཟུར་གནས་དང་ཡོན་ཏན་ཅན་གོང་དུ་བཀུར་ཕོད་པའི་ཐུགས་རྒྱ། ལྡོང་ཡོན་ཏན་རྒྱ་མཚོའི་ལྷག་བསམ་དང་སྨྲ་ལྕེ། ཤེས་ལྡན་མང་བོའི་རེ་བ་དང་དུང་བ་རྣམས་གནས་འདི་ནས་ལྷན་དུ་འཛོམས་པ་ལ་རྟེན་འབྲེལ་ཞུ། "ཞེས་བསྔགས་བརྗོད་གནང་འདུག་གོ།       

དམ་པ་རྣམ་གཉིས་མཇལ་འཛོམས་གནང་བ། 

མཁན་ཆེན་བསོད་དར་རྒྱས་མཆོག་གིས་འཆད་ཁྲིད་ཀྱི་མདོ་འཛིན་གནང་བཞིན་པ། 

འཆད་ཁྲིད་ཀྱི་ཚོགས་རའི་རྣམ་པ། 

ཧ་ཅང་གུས་ཆུང་གི་སྤྱོད་པ་ལ་གནས་པའི་མཁན་ཆེན་མཆོག་གིས་འཆད་ཁྲིད་ཟིན་བྲིས་འདེབས་པ། 

དམ་པ་རྣམ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཉམ་པར།

སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་མཉམ་པར་དྲན་རྟེན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 9 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། libo བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: གཡག་ཟེ་པདྨྨ་སྙན་གྲགས། སྤེལ་དུས:2017/4/16
འདི་ཆོས་ལུགས་པ་ཚོའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས་ཁྱེད་ཚོས་ཟིང་ཟིང་ལོང་ལོང་དགོས་དོན་ཅི་ཞིག་རེད།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: གཡག་ཟེ་པདྨྨ་སྙན་གྲགས། སྤེལ་དུས:2017/4/16
འདི་ཆོས་ལུགས་པ་ཚོའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས་ཁྱེད་ཚོས་ཟིང་ཟིང་ལོང་ལོང་དགོས་དོན་ཅི་ཞིག་རེད།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: གཡག་ཟེ་པདྨ་སྙན་གྲགས། སྤེལ་དུས:2017/4/14
འདི་ཆོས་ལུགས་པ་ཚོས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས་ཁྱེད་ཚོས་ཟིང་ཟིང་ལོང་ལོང་དགོས་དོན་ཅི་ཞིག་རེད།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: བན་ཤུལ་མུ་ཏིག སྤེལ་དུས:2017/4/10
སློབ་དཔོན་རྣམ་གཉིས་ལ་དུས་ཀུན་གུས་པས་འདུད།བོད་ཀྱི་སྐད་ཡིག་དང་གནའ་སྲོལ་སོགསཉག་ཕྲ་ཞིང་ཉམ་ཆུང་བའི་དུས་སྐབས་འདི་འདྲ་ཞིག་ལ་ཁ་ནང་བལྟས་ཀྱིས་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་དུ་མ་སོང་བར་རིག་པའི་གནས་སྤྱི་ལ་ཕན་པའི་སློབ་གསོའི་བྱ་གཞག་རླབས་ཆེན་འདི་འདྲ་བསྐྱངས་པར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: སྤེལ་མཁན:ཁྲི་སྐར་མདའ། སྤེལ་དུས:2017/4/10
སློབ་དཔོན་རྣམས་གཉིས་ཐུགས་རྗེ་ཤིན་ཏུ་ཆེ།ཁོང་གཉིས་ཀྱི་མཛད་འཕྲིན་སྐྱོང་ཐེངས་རེར་བོད་པའི་ལས་དབང་ལ་གསོན་ཤུགས་རེ་སྟེར་ཐུབ།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: གངས་རྩེན སྤེལ་དུས:2017/4/10
རང་རིགས་འདིའི་སྐད་དང་ཡི་གེ་ནི་རྫ་མགོའི་ཉི་མ་དང་།ལ་འདབས་ཀྱི་གྲིབ་མའི་དཔེ་བཞིན་ཡིན་པས་སྐྱེས་ཆེན་རེ་འགའི་ཕྱག་རྗེས་ཡིན་པ་སུས་ཀྱང་བསྙོན་དུ་མེད་དོ།།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: བསྟན་པ སྤེལ་དུས:2017/4/10
ག྄ུབ་མཐའི་དབྱེ་བ་མེད་པར་གཟུར་གནས་ཀྱི་བློས་དཔྱད་ན་རིན་ཐང་གཞལ་དུ་མེད།མུ་འཐུད་དུ་བཀའ་དྲིན་སྐྱོངས།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: ཁ་གྱའི་ཁྱུང་སྔོན། སྤེལ་དུས:2017/4/10
ཐེངས་འདིར་དམ་པ་ཁོང་གཉིས་ཀྱི་ཐུགས་བརྩེ་ཟབ་མོ་མཉམ་དུ་འདྲེས་པའི་མཛད་འཕྲིན་འདིས་ང་ཚོའི་གྲུབ་མཐའ་ནང་ཕན་ཚུན་དང་སྤྱི་བའི་ཐད་ནས་ལམ་ཕྱོགས་ཡག་པོ་ཞིག་གསར་དུ་ཕྱེས་པ་རེད། མཉམ་གནས་མཉམ་སྤྱོད་ཀྱི་གར་སྟེགས་གསར་བ་ཞིག་ཀྱང་བསྐྲུན་སོང་བས་སྟོད་སྨད་ཀྱི་གཞོན་པ་སྐོར་ཞིག་ལ་མཐུན་སྒྲིལ་དང་བསམ་བློར་ཡང་ནེམ་ཤ་ཆེན་པོ་ཞིག་ཕབ་ཡོད་པ་རེད། དམ་པ་ཁོང་གཉིས་ཀྱི་མཛད་འཕྲིན་དུས་ཀུན་རྒྱས་པའི་སྨོན་འདུན་སྙིང་ནས་ཞུ།
  བོད་ཀྱི་དམ་པ་གཉིས་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཛད་འཕྲིན།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2017/4/10
གུས་པར་འོས་པའི་སློབ་དཔོན་དམ་པ་དང་བཤེས་གཉེན་བཟང་བོ་གཉིས་ལ་ཐུགས་རྗེ་ཆེ་ཞུ། འདི་ནི་འཆམ་མཐུན་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ། ལམ་ཕྱོགས་སློབ་གསོ་སོགས་གང་ལ་ཡང་ཧ་ཅང་མཐུན་པས། འདི་ནི་རྒྱལ་ཁབ་དང་མི་རིགས་ཀྱི་གཟི་བརྗིད་དང་སྟོབས་ཤུགས་རེད། ལུས་ངག་ཡིད་གསུམ་གྱིས་གུས་པར་འདུད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25440915
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།