མགོ་ལོག་ཁུལ་སྨན་བཅོས་རོགས་སྐྱོར་ཚོགས་པས་སྤྱི་ཕན་ལས་གཞི་གཏན་འབེབས་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མགོ་ལོག་ཁུལ་སྨན་བཅོས་རོགས་སྐྱོར་ཚོགས་པས་སྤྱི་ཕན་ལས་གཞི་གཏན་འ
མགོ་ལོག་ཁུལ་སྨན་བཅོས་རོགས་སྐྱོར་ཚོགས་པས་སྤྱི་ཕན་ལས་གཞི་གཏན་འབེབས་བྱས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-03-10ལྟ་ཀློག (3074)རྩོམ་ཁུངས: ངེད་དྲ་བ།

མགོ་ལོག་ཁུལ་སྨན་བཅོས་རོགས་སྐྱོར་ཚོགས་པས་རོང་འབྲོག་མང་ཚོགས་ལ་སྨན་སྦྱིན་ཞབས་འདེགས་གང་ལེགས་བསྒྲུབ་རྩིས་ཡོད།

   ངེད་གསར་འགོད་པའི་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་བོད་ཀྱི་སྨན་རམས་པ་ཆེན་པོ་ཁ་ལོ་ལགས་ཀྱིས་རང་གིས་སྒོར་འབུམ་གཉིས་ལྷག་མ་དངུལ་བཏང་ནས་མགོ་ལོག་ཁུལ་སྨན་བཅོས་རོགས་སྐྱོར་ཚོགས་པ་ཞེས་པ་ཞིག་བཙུགས་ཏེ། རོང་འབྲོག་ས་ཁུལ་ནས་གྲོང་ཁྱེར་དུ་སྨན་པར་སྟོན་དགོས་པའི་ནད་པ་དབུལ་བོ་རྣམས་ལ་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་ཡིན་པས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་མགོ་ལོག་ཁུལ་སྨན་བཅོས་རོགས་སྐྱོར་ཚོགས་པར་རྒྱུས་ལོན་ཡིད་སྟོན་དང་ཕན་ཚུན་ལ་བརྒྱུད་སྒྲོག་བྱེད་རྒྱུ་མ་བརྗེད།

 ཚོགས་པ་འདིའི་ལས་ཀ་གཙོ་བོ་ནི་ནད་པ་མྱུར་མོར་སྨན་ཁང་དུ་སྐྱེལ་རྒྱུ་དང་། ནད་པ་དང་སྨན་པའི་བར་དུ་ལོ་ཙཱ་བྱེད་རྒྱུ། ནད་པ་ཚབས་ཆེན་སྐོར་ལ་དགེ་ལས་རོགས་སྐྱོར་བཙལ་རྒྱུ་སོགས་ཡིན། ཞོར་དུ་རོང་འབྲོག་ས་ཆར་དར་ཁྱབ་ཆེ་བའི་ཐུམ་འབུའི་ནད་དང་། གློ་གཅོང་། རེག་དུག བྱི་ནད་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་ཐད་ནས་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་རྩིས་ཡོད། འགྲོ་བ་སེམས་ཅན་ཀུན་གྱི་བདེ་ཐང་གི་ཆེད་དུ། ང་ཚོ་མཉམ་དུ་སྨན་ཞབས་ལས་དོན་ལ་ཞུགས་ཆོག་ཟེར།

 གལ་ཏེ་ཁྱོད་དང་ཁྱོད་ཀྱི་ཁྱིམ་མིར་སྨན་བཅོས་རོགས་སྐྱོར་དགོས་ན། ཐེ་ཚོམ་མེད་པར་ང་ཚོར་ཁ་པར་བཏང་ཆོག མགོ་ལོག་སྨན་བཅོས་རོགས་སྐྱོར་ཚོགས་པ་ནམ་ཡང་ཁྱེད་ཀྱི་གམ་ན་ཡོད།

འབྲེལ་གཏུག་མི་སྣ།

བང་ཁྲིན།0971--7736612

ཡེ་ཤེས།0971--7736613

ཞབས་ཞུའི་དུས་ཚོད།

9:00--12:00  14:30--17:30 


联系我们

①关注公众号:微信搜索“dongkangyiqi”

②联系电话:400-6277665 0971-8228168

③网址:www.shop.qh65.com

④QQ:35012357

关注该公众号

微信扫一扫


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440855
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།