ཤེས་རིག་སློབ་གླིང་གི་མཐར་ཕྱིན་སློབ་མ་དཔའ་ལུང་ས་ཁུལ་གྱི་སློབ་གྲོགས་ལྷན་འཛོམས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཤེས་རིག་སློབ་གླིང་གི་མཐར་ཕྱིན་སློབ་མ་དཔའ་ལུང་ས་ཁུལ་གྱི་སློབ་
ཤེས་རིག་སློབ་གླིང་གི་མཐར་ཕྱིན་སློབ་མ་དཔའ་ལུང་ས་ཁུལ་གྱི་སློབ་གྲོགས་ལྷན་འཛོམས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-01-24ལྟ་ཀློག (5366)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་དཔའ་ལུང་ས་ཁུལ་གྱི་སློབ་གྲོགས་ལྷན་འཛོམས་གནའ་མཁར་ཟི་ལིང་དུ་འཚོགས་པ།

      སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཟི་ལིང་གྲོང་ཁྱེར་ཕོ་བྲང་དམར་པོ་ཟས་མཆོག་འདུ་ར་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་དཔའ་ལུང་ཡུལ་གྱི་སློབ་གྲོགས་ལྷན་འཛོམས་སྟེང་དུ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་དང་དགེ་རྒན་གཅོད་པ་ཚེ་རིང་གཉིས་ཆེད་དུ་གདན་ཞུས་གནང་བ་དང་། ཚོགས་ཐོག་ནས་ཡུལ་གྲོགས་སློབ་མ་སྤྱིའི་ཚབ་ཏུ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གླིང་གི་སློབ་གཙོ་དཔའ་ལུང་བ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་དཔའ་ལུང་ས་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར། ཁོར་ཡུག་བཅས་ཀྱི་ཐད་ནས་ད་ལྟའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་བ་དང་།


     དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཁུལ་སློབ་གསོའི་གནས་བབ་ལས་འཕྲོས་ཏེ་དཔའ་ལུང་ས་ཁུལ་གྱི་སློབ་གསོའི་གནས་སྟངས་ཐད་ཟི་ལིང་གྲོང་ཁྱེར་གྱི་ཐག་ཉེ་དག་གི་རྫོང་ཁག་གི་བོད་མི་དག་ལས་དཔའ་ལུང་ས་ཁུལ་གྱི་བོད་མི་དག་ལ་རེ་བ་ཡོད་ཚུལ་གྱི་སྐོར་དང་། མ་ཟད་མཐར་ཕྱིན་སློབ་མ་ཚོར་བོད་ཁུལ་དཔལ་འབྱོར་གྱི་གནས་ཚུལ་སྤྱི་ལས་འཕྲོས་ཏེ་བོད་ཁུལ་ཚོང་ལས་གཉེར་སྐྱོང་གི་སྐོར་སོགས་གསུང་བཤད་ཞིབ་རྒྱས་བསྩལ། ད་དུང་མཐར་ཕྱིན་སློབ་མ་དག་ལ་ཆེད་དུ་མཉམ་སྒྲུབ་ནི་སྟོབས་ཤུགས་ཡིན་པའི་ལེགས་བཤད་ཀྱི་གདམས་པ་སོགས་སྔ་དྲོའི་ཆུ་ཚོད༡༡:༠༠ནས་ཆུ་ཚོད་༡༢:༣༠བར་ལ་བྱམས་བརྩེའི་བདག་ཉིད་ཀྱི་གྲུ་ཆར་མང་དུ་གནང་འདུག  མཇུག་མཐར་དགེ་སློབ་ལྷན་རྒྱས་ཀྱིས་ཞལ་ཟས་མཉམ་དུ་བཞེས་ཏེ་དགེ་རྒན་རྣམ་གཉིས་སྐྱེལ་མ་དང་། སློབ་གྲོགས་དག་གིས་ཟི་ལིང་གི་མཚན་མོར་བརྩེ་བའི་མེ་ཕུང་གིས་སྤུར་ཏེ་རེ་ཞིག་སོ་སོར་ཕྱིར་མིག་དང་དྲན་གདུང་ཁྲོད་ནས་རང་རང་ཕྱོགས་སུ་ཆས་སོང་།


ད་རེབ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་དཔའ་ལུང་ས་ཁུལ་གྱི་སློབ་གྲོགས་ལྷན་འཛོམས་སྟེང་འཛོམས་པའི་མི་སྣ་དག་ནི་གཤམ་གསལ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་དཔའ་ལུང་ཡུལ་གྱི་སློབ་གྲོགས་ལྷན་འཛོམས་སྐབས་དང་བོའི་སྟེང་ཞུགས་པའི་སློབ་མའི་མིང་ཐོ། 

༡ སྐབས་བཞི་པའི་མཐར་ཕྱིན་སློབ་མ་ཤེས་རབ་རྒྱ་མཚོ། གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གླིང་གི་སློབ་གཙོ།

༢ སྐབས་ལྔ་བའི་མཐར་ཕྱིན་སློབ་མ་དཔའ་ཐར། སམ་བྷོ་ཊའི་རིག་གནས་ཚད་ཡོད་མཐུན་གཉེར་ཁང་གི་མགོ་གཙོ།

༣ སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་འཇིགས་མེད་ལྷུན་གྲུབ། ཚོང་ལས་གཉེར་གྱིན་ཡོད།

༤ སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་སྐལ་བཟང་སྦྱིན་པ། གོང་སྐྱ་དགོན་པར་བཞུགས་ཡོད།

༥ སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་འཇམ་དབྱངས་གྲགས་པ། དན་ཏིག་དགོན་ན་བཞུགས།

༦ སྐབས་བཅུ་བའི་མཐར་ཕྱིན་སློབ་མ་འཇམ་དབྱངས་བསོད་ནམས། ཀྲུང་དབྱངས་མི་རིགས་སློབ་གྲྭར་ཞིབ་འཇུག་སློབ་མ་འདོན་གྱིན་ཡོད།

༧ སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ངག་དབང་དཔལ་འཛིན།   སྙིང་རྗེ་ཐེབས་རྩ་ཚོགས་པའི་ཚོགས་གཙོ།

༨ སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་ཀླུ་རྒྱལ་བཀྲ་ཤིས། མཚོ་སྔོན་འཕེལ་རྒྱས་འཛུགས་སྐྲུན་བཟོ་བཀོད་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ།

༩ སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་བློ་བཟང་བསྟན་པ། བྲག་ལུང་དགོན་པར་བཞུགས།

༡༠ སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་དགེ་འདུན་ཆོས་འབྱོར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན། 

༡༡ སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་ངག་དབང་སྐལ་བཟང་། མཐུ་བ་དགོན་པར་བཞུགས་ཡོད།

༡༢ སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་ཐུབ་བསྟན་རྒྱ་མཚོ། བྱ་ཁྱུང་དགོན་པར་བཞུགས་ཡོད།

༡༣ སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་རྡོ་རྗེ་དོན་འགྲུབ།  སློབ་གཉེར་བྱེད་ཀྱིན་ཡོད།

༡༤ སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་བྱམས་པ་ཐར། དགེ་རྒན་བྱེད་ཀྱིན་ཡོད།

༡༥ སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་བློ་བཟང་ཉི་མ། བྱ་ཁྱུང་དགོན་པར་བཞུགས་་ཡོད།

༡༦ སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་ལུང་རྟོགས་དགེ་འཕེལ། བྱ་ཁྱུང་དགོན་པར་བཞུགས་ཡོད།

༡༧ སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་ཚེ་རིང་བཀྲ་ཤིས། མཚོ་སྔོན་གསོ་རིག་སློབ་གླིང་ན་སློབ་གཉེར་བྱེད་ཀྱིན་ཡོད།


ཐེངས་འདིའི་གསར་འགོད་པ། རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rxp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440915
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།