ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་དུ་སློབ་གསོའི་བགྲོ་གླེང་སྐབས་དང་བོ་བསྡུས་པ།
༢༠༡༦ལོའི་ཟླ༡༡པའི་ཚེས༡༢དང་༡༣གཉིས་ལ་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་དུ་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་གི་སློབ་གསོའི་བགྲོ་གླེང་སྐབས་དང་བོ་ཞེས་པ་ཞིག་ཚོགས་ཤིང་།

ཚོགས་ཐོག་ཏུ་ལོ་རྒྱུས་རིག་པ་བ་མཁས་པའི་དབང་བོ་སྡེ་རོང་ཚེ་རིང་དོན་གྲུབ་ལགས་དང་བཟོ་རིག་གནས་ལ་འགྲན་ཟླ་བྲལ་བའི་མཁས་དབང་དཀོན་མཆོག་བསྟན་འཛིན། ཕན་བདེ་ལེགས་བཤད་སློབ་གླིང་གི་གཙོ་སྐྱོང་བ་དངོས་གྲུབ།

པད་མ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་གི་སློབ་གཙོ་པད་མ་ཚུལ་ཁྲིམས་སོགས་གཏམ་བཤད་གནང་མཁན་ཆེད་ཞུས་མི་སྣ་བཅུ་ལྷག་གདན་འཛོམས་ཏེ་ད་རེབ་ཚོགས་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་། སྲོལ་རྒྱུན་སློབ་གསོའི་ཕན་ནུས། སློབ་འཁྲིད་བྱེད་ཐབས་ཀྱི་སྐོར། བཟོ་རིག་ཕན་ནུས་ཀྱི་དགེ་མཚན། ཐང་ཀའི་སྒྱུ་རྩལ་དང་རི་མོ་སོགས་ཉིན་གཉིས་ཀྱི་རིང་ལ་ཆེད་ཞུས་མི་སྣ་དག་གིས་བགྲོ་གླེང་དང་དྲི་བ་སོགས་བྱས་པས་བགྲོ་གླེང་འཁྲུག་ཆ་དོད་པོར་སྤེལ་བྱུང་། མཐར་ཚོགས་ཐོག་འཛོམས་པའི་མི་སྣ་དག་མཉམ་པར་དང་བཅས་ཚོགས་འདུ་མཇུག་སྒྲིལ་བའོ། །
ཚོགས་ཐོག་ཏུ་འཛོམས་པའི་མི་སྣ་དག་གི་མཉམ་པར།
གསར་འགོད་པ། རྒྱ་འདུ་སངས་རྒྱས།