
མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ་རིམ་པ་༦.༢ཅན་གྱི་ས་འགུལ་བྱུང་འདུག
གསར་འགོད་པ་དང་ཡིག་སྒྱུར་བ། སེང་དཀར།
ཀྲུང་གོའི་ས་ཡོམ་དྲྭ་བའི་ཡུལ་དངོས་གཏན་འཁེལ་གསར་འགྱུར་ལྟར་ན། པེ་ཅིན་དུས་ཚོད་ཀྱི་སྤྱི་ཟླ་༡༠ཚེས་༡༧ཉིན་གྱི་ཕྱི་དྲོ་ཆུ་ཚོད་༡༥:༡༤སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཉེ་འཁོར་(འཕྲེད་ཐིག་བྱང་མ་ཏུའུ་༣༢.༨༡དང་། གཞུང་ཐིག་ཤར་མ་ཏུའུ་༩༤.༩༣བར་གྱི་མཚམས་སུ)ས་ཡོམ་རིམ་པ་༦.༢ཅན་གྱི་ས་འགུལ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་༩ཙམ་ཡོད་པ་རེད། ས་འགུལ་བྱུང་སའི་ཡུལ་དེ་གའི་མཐའ་སྐོར་གྱི་སྤྱི་ལེ་༥ནང་རོལ་གྱི་གྲོང་སྡེ་དག་ནི་གླང་ཆེན་ནང་།རྒྱ་ཆུང་ནང་། པ་ན་ནང་། རྐང་ཆེན་ནང་བཅས་ཡིན་འདུག་པར་མ་ཟད། ཡུལ་དངོས་ནས་སྤྱི་ལེ་༢༠མཚམས་སུ་ཤར་སྟོད་ཡུལ་ཚོད་ཡོད་ལ། རྫ་སྟོད་རྫོང་ལ་སྤྱི་ལེ་༣༦དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་སྤྱི་ལེ་༡༩༥ ལྷ་ས་ལ་སྤྱི་ལེ་༥༠༦ཡོད་པ་རེད། རྒྱུས་ལོན་བྱས་པ་ལྟར་ན། རྫ་སྟོད་རྫོང་གི་ས་ངོས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༣.༥ཡོད་པ་དང་། ༢༠༡༣ལོར་མི་གྲངས་ཁྲི་༣.༤ལྷག་ཡོད་པ་རེད། རྫོང་འདིར་བོད་རིགས་གཙོས། རྒྱ་དང་། ཐུའུ་ཅ། ཧུའི། སོག་རིགས་བཅས་ཡོད་ལ། མཐོ་སྒང་གི་གནམ་གཤིས་ཁོངས་སུ་གཏོགས་ཤིང་། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་རྨི་༤༠༦༩ཡིན་འདུག་ལ། ས་འགུལ་བྱུང་བའི་གནོད་སྐྱོན་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན།

ས་འགུལ་བྱུང་སའི་ཡུལ།
|