༢༠༡༦ལོའི་ནོར་འབེལ་རྩོམ་རིག་བྱ་དགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »༢༠༡༦ལོའི་ནོར་འབེལ་རྩོམ་རིག་བྱ་དགའ།
༢༠༡༦ལོའི་ནོར་འབེལ་རྩོམ་རིག་བྱ་དགའ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-14ལྟ་ཀློག (3434)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   ༢༠༡༦ལོའི་ནོར་འབེལ་རྩོམ་རིག་བྱ་དགའ།


   དེའང་ནོར་འབེལ་བྱ་དགའི་འབྲེལ་ཡོད་དྲྭ་ལམ་ཁག་དུ་གསལ་བསྒྲགས་ལྟར་ན་ཨ་རིའི་དམངས་གཞས་ལེན་མཁན་གྱི་གླུ་བ་གྲགས་ཅན་པོ་བྷེ་སྒྲེ་ལིན་(Bob Dylan,1941ལོ་ཟླ་བ་5ཚེས་24ཉིན་ཨ་རི་ཉིའུ་སོ་ས་ཁུལ་དུ་སྐྱེས)ལགས་ལ་སྤྱི་ལོ་༢༠༡༦ལོའི་རྩོམ་རིག་ནོར་འབེལ་བྱ་དགའ་འབུལ་བའི་མཛད་སྒོ་དེ་གཟབ་རྒྱས་ངང་བསྡུས་ཤིང་།  ནོར་འབེལ་བྱ་དགའི་ཨུ་ཡོན་དབུ་ཁྲིད་པས་ཁོང་ལ་"ཨ་མི་རི་ཁའི་རླབས་ཆེའི་གླུ་དབྱངས་ཀྱི་སྲོལ་རྒྱུན་ཁྲོད་ནས་སྙན་ངག་གི་མཚོན་ཐབས་གསར་བ་སྲོལ་བཏོད་མཁན་"གྱི་མིང་ཐོག་ནས་དངོས་སུ་ནོར་འབེལ་རྩོམ་རིག་བྱ་དགའི་གཟེངས་རྟགས་བསྩལ།

     སྒྲེ་ལིན་ལགས་ནི་སྤྱི་ལོ་༡༩༦༡ལོར་རང་གི་ཆེས་ཐོག་མའི་ཆེད་སྒྲིག་ཟེར་སྡེར་ཐོ་ཙ་མ་འགྲེམ་སྤེལ་བྱས་པ་ནས་བཟུང་ད་ལྟའི་བར་བགྲང་བྱ་ལྔ་བཅུ་ལྷག་གི་རིང་དར་སྲོལ་གླུ་དབྱངས་དང་རྩོམ་རིག་རིག་གནས་ཀྱི་འདུས་མདོ་ནས་འཛམ་གླིང་ཡོངས་ལ་བཞག་པའི་བག་ཆགས་ཧ་ཅང་མཐུག  དེར་བརྟེན་ཨ་རིའི་སྤྱི་དམངས་ཀུན་ལ་ཁོང་ནི་ངེས་པ་དོན་གྱི་གླུ་དབྱངས་བཅོས་སྒྲིག་པ་དང་སྒྱུ་རྩལ་བ། རྩོམ་པ་པོ།  འཁྲབ་སྟོན་པ་སོགས་ཀྱི་མཚན་ཉིད་བཏེགས་དང་བཏེགས་མུས་མཆིས།
     ཁོང་གི་མིང་དུ་གྲགས་པའི་བརྩམས་ཆོས་མང་ཤོས་དྲུག་ཅུའི་ལོ་རབས་ཀྱི་ངོ་རྒོལ་དམངས་གཞས་ནས་འགོ་འབུས་པ་ཡིན་ལ། ཕྱོགས་ཡོངས་ནས་ལོ་རབས་དེའི་ཨ་རི་བ་བསྐྱར་དར་ལ་ངོ་ལོག་བྱེད་པའི་མགྲིན་ཚབ་པ་ལ་ལྟ་བཞིན་ཡོད་མོད་ཁོང་གིས་ལྟ་སྟངས་དེ་དངོས་སུ་ཞལ་བཞེས་བྱས་མྱངས་མེད།  གང་ལྟར་བརྩམས་ཆོས་སྔ་གྲས་དག་སྐབས་དེའི་ཨ་རི་དམངས་དབང་འཐབ་རྩོད་ཀྱི་དཔའ་གླུ་རུ་གྱུར་པ་རེད།  དཔེར་ན་ཁོང་གི་བརྩམས་ཆོས་<<ཨ་ལན་ཞིག་རླུང་བུ་ཁྲོད་ནས་འཕྱོ་>>(Blowing' in the Wind)ཞེས་པ་དང་།  <<དུས་རབས་ནི་འགྱུར་བཞིན་>>(The Times They Are a-Changing)ཞེས་པའི་བརྩམས་ཆོས་ལྟ་བུ། 
    དྲུག་ཅུའི་ལོ་རབས་ཀྱིས་དཀྱིལ་ཙམ་ནས་ཁོང་གི་སྔར་རྩོམ་འགོག་རྒོལ་དམངས་གླུའི་རྩོམ་གཤིས་འགྱུར་འགོ་ཚུགས་ཏེ། ༡༩༦༥ལོར་རྐྱང་གླུ་<<རྦབ་རྡོག་ཅིག་དང་མཚུངས་>>(Like a Rolling Stone)ཞེས་པ་འགྲེམ་སྤེལ་བྱས་པས་ཀུན་གྱིས་དར་སྲོལ་གླུ་དབྱངས་ཀྱི་རྨང་གདན་དུ་བསྔགས།  དར་སྲོལ་གླུ་དབྱངས་ལ་སྤྲོ་སྣང་ཡོད་པའི་རོལ་དབྱངས་མཁན་ཁ་ཤས་ཀྱི་རྒྱབ་སྐྱོར་འོག་དྲུག་ཅུའི་ལོ་རབས་ཀྱི་དུས་དཀྱིལ་གྱི་ཁོང་བརྩམས་ཆོས་འགའ་ཞིག་བསྒྲགས་བྱང་ཐོག་རུ་ཐོ་འགོད་བྱས་ཏེ་ཨང་རིམ་དང་བོའི་བྱ་དགའ་བླངས།  འོན་ཀྱང་དེ་དང་དུས་མཚུངས་སུ་ཨ་རིའི་དམངས་དབང་ལས་འགུལ་མཁན་གྱི་ཐེ་གཏོགས་དང་སྐྱོན་བརྗོད་ཀྱང་ཐོབ།  
        སྒྲེ་ལིན་ལགས་སྔ་མོ་ནས་ཨ་རིའི་གསར་རྩོམ་གཞས་པ་ཞོའོ་ལེ་ཚྭ་དྷིའི་འཁྲབ་སྟོན་ཉམས་འགྱུར་དང་རོལ་དབྱངས་མཁན་པོ་ཝོ་ཏིས་ཀི་སིར། རོ་པོ་ཁྲི་ཡོ་ཧན་སོན།  ཧན་ཁི་ཝེ་ཆིན་སི་སོགས་ཀྱི་གཞས་ཚིག་གི་ཤུགས་རྐྱེན་ཟབ་མོ་ཡོད།  དེ་བས་འདས་པའི་བགྲང་བྱ་ལྔ་བཅུ་ལྷག་གི་རིང་དུ་ཁོང་གིས་གསར་རྩོམ་བྱས་པའི་གཞས་ཚིག་ལ་གནའ་དེང་གཉིས་ཀའི་མཛེས་ཆ་ཡོད་ཅིང་།  ལྷག་པར་དུ་དམངས་གཞས་ཀྱི་གདངས་རྟ་ལ་ཨིན་ལེན་དང་སུའུ་ལེན། ཨར་ལན་སོགས་ས་གནས་མི་འདྲ་བ་དང་གྲོང་གསེབ་མི་འདྲ་བ་གང་མང་གི་དབྱངས་རྟ་འདྲེས་ཡོད།   གཞན་ཡང་ཁོང་གིས་ནམ་རྒྱུན་རོལ་ཆའི་སྐོར་ནས་སྒྲ་སྙན་དང་མཐེབ་སྤྱོད་རོལ་ཆས།  ཁ་འབུད་བཅས་བཀོལ་བཞིན་ཡོད།
    རོལ་དབྱངས་མཁན་དུ་མའི་རྒྱབ་སྐྱོར་འོག་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་བཟུང་ཁོང་གིས་ལོ་རྟག་པར་“འཛད་མཐའ་མེད་པའི་འགྲུལ་བཞུད་"ཅེས་པའི་བྱ་འགུལ་སྤེལ་གྱིན་ཡོད་ལ།  གླུ་དབྱངས་སྒྱུ་རྩལ་བ་ཞིག་དང་ཁྲབ་སྟོན་པ་ཞིག་གི་ངོས་ནས་གླེང་ན་ཁོང་གི་གྲུབ་འབྲས་གཙོ་ཤོས་དེ་ཁྲབ་སྟོན་སྒྱུ་རྩལ་གྱི་དོན་གཉེར་དེའི་ཐད་ནས་གླེང་དགོས།  འོན་ཀྱང་ཁོང་གི་མཛད་རྗེས་དེ་ཡོངས་ཁྱབ་ཀྱི་ལྟ་སྟངས་ལྟར་ན་སྙན་ཚིག་སྡེབ་སྦྱོར་ལ་ངོས་འཛིན་ངེས།  དེ་མིན་ད་དུང་༡༩༩༤ལོའི་ཡར་སྔོན་དུ་སྒེ་ལིན་གྱིས་རང་གི་རི་མོའི་བརྩམས་ཆོས་དཔེ་དེབ་༦ཙམ་ཞིག་པར་སྐྲུན་བྱས་ཤིང་། རི་མོའི་སྒྱུ་རྩལ་མངོན་སྟངས་ལ་ཀུན་གྱི་ཡི་རངས་དང་བསྔགས་བརྗོད་མི་ཉུང་བ་ཐོབ།  ཡང་རང་ཉིད་རོལ་དབྱངས་མཁན་ཞིག་ཡིན་པའི་ངོས་ནས་ཁོང་ཆེད་སྒྲིག་རོལ་དབྱངས་དག་ཚོང་གྲངས་དུང་ཕྱུར་ལས་བརྒལ་གྱིན་ཡོད།

  ད་ཐེངས་ནོར་འབེལ་བྱ་དགའ་ལས་གཞན་ཁོང་ལ་གྷི་ལེ་མན་གྱི་བྱ་དགའ་དང་།  གསེར་སྒང་རྟགས་མ། ཨོ་སི་ཁའི་གསེར་སྐུ་རྟགས་མ་སོགས་གང་མང་ཐོབ་པ་རེད།

གློག་བརྙན་སྐོར།

<<ལམ་སྟོར་བའི་ཕ་ཡུལ།>>(རོལ་དབྱངས་དངོས་བཤུའི་གློག་བརྙན)(No Direction Home)<<བཟོ་གྲྭའི་བུ་མོ།>>>(རྣམ་ཐར་གློག་བརྙན)
(Factory Girl)<<ང་རང་གནས་དེར་མེད།>>(རྣམ་ཐར་གློག་བརྙན)(I'm Not There)<<ཕྱིར་མིག་མ་གནོངས།>>(རོལ་དབྱངས་གློག་བརྙན)
(Don't Look Back)

གླུ་དབྱངས་སྐོར།

<<སྨག་རུམ་ཀློང་གི་གྲིབ་མ། >>(Shadows in the Night)<<དྲག་ཆར།>>(Tempest)

ཁ་སྦྲེང་ལ་དགའ་བའི་པོ་སྒྲེ་ལིན།

རོལ་དབྱངས་ལ་དགའ་བའི་པོ་སྒྲེ་ལིན།

ཕལ་བའི་འཚོ་བ་ལ་སྤྲོ་བའི་པོ་སྒྲེ་ལིན།

ནོར་འབེལ་རྩོམ་རིག་བྱ་དགའ།

ཡིག་སྒྱུར་བ། ཆོས་སྐྱོང་འགྱུར་མེད།  མཁོ་སྤྲོད་པ། གསར་འགོད་པ། རླུང་གཤོག་ཅན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438939
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།