ལུས་རྩལ་ལས་རིང་དུ་བརྒལ་བའི་ཡིད་འགུལ་ཐེབས་པའི་སྐད་ཅིག་མ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལུས་རྩལ་ལས་རིང་དུ་བརྒལ་བའི་ཡིད་འགུལ་ཐེབས་པའི་སྐད་ཅིག་མ།
ལུས་རྩལ་ལས་རིང་དུ་བརྒལ་བའི་ཡིད་འགུལ་ཐེབས་པའི་སྐད་ཅིག་མ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-12ལྟ་ཀློག (4025)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལུས་རྩལ་ལས་རིང་དུ་བརྒལ་བའི་ཡིད་འགུལ་ཐེབས་པའི་སྐད་ཅིག་མ།
        2016/09/19      22:00:00

  པེ་ཅིན་དུས་ཚོད་ཀྱི་སྤྱི་ཟླ9ཚེས19ཉིན། ལེ་ཡོ་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་ལ་ཉེ་བ་དང་། དེ་ལ་དོ་སྣང་བྱེད་ཚད་ཨོ་རྩལ་འགྲན་ཚོགས་དང་བསྡུར་ཐབས་བྲལ་མོད། ཡིན་ནའང་ཀྲུང་གོ་འཐུས་ཚབ་ཀྱིས་གསེར་གྱི་རྟགས་མ་བརྒྱ་ལས་བརྒལ་བ་བླངས་ཤིང་གསེར་གྱི་རྟགས་མའི་གྲངས་མང་ཤོས་དེ་བཟུང་ཡོད་པས། མི་རྣམས་ལ་སྤོབས་སེམས་བླ་ན་མེད་པ་བསྐྱེད་པར་བྱས། གཤམ་དུ་ཁྱེད་རང་ལེ་ཡོ་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བག་ཆགས་ཆེས་ཟབ་པའི་སྐད་ཅིག་མ་རེ་རེའི་ཕྱིར་དྲན་ཁྲོད་འཁྲིད་འགྲོ། ལུས་རྩལ་ལས་བརྒལ་བའི་མི་སེམས་སྒུལ་བར་བྱེད་པའི་འདུན་མ་ནི་ནམ་ཡང་སེམས་ཀྱི་ཟབ་སར་ཉར་ཡོད། གོང་གི་པར་རིས་དེ་ནི་ཨེ་ཅིབ་དཔུང་བ་མེད་པའི་ཕིན་ཕང་སྤོ་ལོ་བདམས་ཐོན་ལུས་རྩལ་བ་ཧྭ་མེ་ཏི•ཡེ་པོ་ལ་ཞིན་རེད།

བུ་མོ་རྨིད100སྦལ་རྐྱལ་འགྲན་བསྡུར་ཁྲོད་གཟེངས་རྟགས་ཐོབ་པའི་བུ་མོ་བདམས་ཐོན་ལུས་རྩལ་བ་གསུམ།

ཕིན་ཕིང་སྤོ་ལོའི་བདམས་ཐོན་ལུས་རྩལ་བ་སི་ཏེ་ཧྥིན་ནེ་གཟེངས་རྟགས་གནང་དུས་ཡིད་འགུལ་ཐེབས་ཏེ་མིག་ཆུ་ལྷུང་།

བོ་ཙི་པེ་ཁི་སི་ཐན་གྱི་སྐྱེས་པའི་ལུས་རྩལ་བས་རྨིད4x100རྟིང་རྩོད་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས།

ཡུལ་དེ་གའི་སྤྱི་ལོ2016ལོའི་ཟླ9ཚེས7ཉིན། པ་ཞིས་ལེ་ཡོ་རི་ནེ་ལོ་རུ་སྤྱི་ལོ2016ལོའི་ལེ་ཡོ་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དབུ་འབྱེད་མཛད་སྒོ་སྤེལ་བ་དང་། དཔལ་འབར་བརྒྱུད་སྤྲོད་ཀྱི་དུས་རིམ་ནང་རང་ལོ70བརྒལ་བའི་སྐད་གྲགས་ཅན་གྱི་དབང་སྐྱོན་ལུས་རྩལ་བ་མཱ་ཞི་ཡ•མཱ་ས་ཨར་ལོ་ན་བགྲེས་ཤིང་རྐང་བ་སྐྱོན་ཅན་ཡིན་པའི་ཐང་ལ་འགྱེལ་བ་རེད། ཡིན་ནའང་ཁོ་མོས་དཔལ་འབར་བརྒྱུད་སྤྲོད་ཀྱི་ལས་འགན་རྒྱུན་འཁྱོངས་བྱས། འདི་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ཡིན་ནོ།།

ཀྲུང་གོའི་འཐུས་ཚབ་རུ་ཁག

དབྱིན་ཇིའི་ལྕགས་རྟ་འགྲན་བསྡུར་གྱི་བདམས་ཐོན་ལུས་རྩལ་བJodyCundy

ཡུལ་དེ་གའི་སྤྱི་ལོ2016ལོའི་ཟླ9ཚེས10ཉིན། པ་ཞིས་ལེ་ཡོ་རི་ནེ་ལོ་རུ། སྤྱི་ལོ2016ལོའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་རུ་སྐྱེས་པའི་ལྕགས་རྟའི་འགྲན་བསྡུར་སྤྱི་ལེ1ཡིན་པའི་དུས་ཚོད་རྩི་ཚུལC1-2-3རིམ་པ་ཅན་གྱི་འགྲན་བསྡུར་སྤེལ། ཀྲུང་གོའི་ལེང་བཀས་ཧྭ་འགྲན་བསྡུར་ལ་ཞུགས་ཡོད།

ཨ་རིའི་ལུས་རྩལ་བMattStutzmanནས་མདའ་འཕེན་གྱི་འཛམ་གླིང་གི་ཟིན་ཐོ་སྲུང་འཛིན་བྱེད་ཐུབ་ཡོད།

ཨོ་ཏ་ལེ་ཡའི་ལུས་རྩལ་བJamesTurnerལ་སྐྱེས་པའི་རྐང་རྒྱུག་རྨིད800mཅན་གྱི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ།

སྐྱེས་པའི་མཆོང་རྒྱུག་འཕེན་གསུམ་རྨིད1500mརྟིང་རྩོད་འགྲན་བསྡུར་རྗེས་སུ། དངུལ་གྱི་རྟགས་མ་ཐོབ་མཁན་ཉི་ཧོང་གི་ཐོ་མེ་ཙོ་ཐིན་དང་གསེར་གྱི་རྟགས་མ་ཐོབ་མཁན་ཨ་རིའི་ལེ་མོན་ཏི་མཱ་ཏིན་གཉིས་ཀྱིས་ཕན་ཚུན་ལ་དགའ་སྤྲོའི་རྟེན་འབྲེལ་ཞུ་བ།

འཇར་མན་གྱི་ཆུར་རྐྱལ་བདམས་ཐོན་ལུས་རྩལ་བ་ChristophBurkardནས་སྦྱོང་བརྡར་བྱེད་བཞིན་པ།

ལུས་རྩལ་བ་ཞིག་གི་དམིགས་བསལ་གྱི་རྐང་བ་རྫུན་མ།

ཏེན་མག་རྒྱལ་ཁབ་ཀྱི་ལུས་རྩལ་བstinnakaastrupནས་རྟ་རྩལ་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་པ།

ས་དེ་གའི་སྤྱི་ལོ2016ལོའི་ཟླ9ཚེས17ཉིན། པ་ཞིས་ལེ་ཡོ་རི་ནེ་ལོ་རུ། 2016ལོའི་ལེ་ཡོ་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བུ་མོ་རྨིད1500T11རིམ་པའི་རྟིང་རྩོད་འགྲན་བསྡུར་ནང་། ཀྲུང་གོ་བདམས་ཐོན་ལུས་རྩལ་བ་ཀྲིན་ཅིན་གྱིས་གསེར་གྱི་རྟགས་མ་བླངས་པ།

ཨ་རིའི་སྐྱེས་པའི་རྒྱང་མཆོང་བདམས་ཐོན་ལུས་རྩལ་བ་RegasWoodsརྟིང་རྩོད་འགྲན་བསྡུར་ལ་ཞུགས་པ།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439059
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།