མགོ་ལོག་ས་ཁུལ་གྱི་སྐབས་དང་བོའི་དགེ་སློབ་དགྱེས་འཛོམས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མགོ་ལོག་ས་ཁུལ་གྱི་སྐབས་དང་བོའི་དགེ་སློབ་དགྱེས་འཛོམས།
མགོ་ལོག་ས་ཁུལ་གྱི་སྐབས་དང་བོའི་དགེ་སློབ་དགྱེས་འཛོམས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-10-01ལྟ་ཀློག (5620)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགོ་ལོག་ས་ཁུལ་གྱི་སྐབས་དང་བོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་དགྱེས་འཛོམས།

       ༢༠༡༦ལོའི་སྤྱི་ཟླ༡༠བའི་ཚེས༡ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་ཡང་ཝའི་རྫ་དམར་མཐོན་པོའི་གཡས་ཟུར་གྱི་ཡང་ཝའི་ཉག་ཁ་ནས་དགེ་རྒན་རྣམ་པར་ཆིབས་བསུ་བྱས་ཏེ་མཉམ་གཅིག་ཏུ་རྟེན་འབྲེལ་གྱི་ལྷ་བསང་དཀར་བོ་ཕུད་པ་དང་། རླངས་འཁོར་གྱི་ཕྲེང་བས་མདུན་བསུས་ཏེ་སློབ་དཔོན་རྣམས་དུང་དཀར་གསོལ་ཚིགས་གླིང་དུ་བསུ་བ་རྒྱ་ཆེན་པོ་བྱས། ཐེངས་འདིའི་མགོ་ལོག་ས་ཁུལ་གྱི་སྐབས་དང་བོའི་དགེ་སློབ་དགྱེས་འཛོམས་སྟེང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ་དང་གྲགས་པ་བཟང་པོ་བཅས་སློབ་དཔོན་རྣམས་གཙོ་བྱས་ཏེ་མགོ་ལོག་ས་ཁུལ་གྱི་སློབ་མ་བརྒྱ་ལྷག་ཅིག་དང་། གཞན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཐུས་ཚབ་མི་སྣ།  གངས་ལྗོངས་འབྲི་མོའི་སྤྲི་ཆུར་བཟོ་གྲྭའི་འཐུས་ཚབ་མི་སྣ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་མི་སྣ་སོགས་དགེ་སློབ་ལྷན་འཛོམས་ཀྱི་སྤྲོ་ཚོགས་སྟེང་དུ་ཞུགས་ཡོད། ཐོག་མར་སློབ་གྲོགས་ཡོངས་ཡར་བཞེངས་ནས་མཉམ་གཅིག་ཏུ་སློབ་གླུ་བླངས་པ་དང་།  དེ་ནས་གཙང་སྐོར་ཐུབ་བསྟན་ཡེ་ཤེས་ཀྱིས་མགོ་ལོག་ས་ཁུལ་གྱི་མཐར་ཕྱིན་སློབ་མའི་གནས་ཚུལ་དང་དགྱེས་འཛོམས་ཀྱི་དམིགས་ཡུལ། དགོས་མཁོ་སོགས་སྙན་ཞུ་བྱས།  སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག   སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག  སློབ་དཔོན་གྲགས་པ་བཟང་པོ་བཅས་ཀྱིས་སློབ་མ་ཡོངས་ལ་མི་ཚེའི་ཁ་ཕྱོགས་མ་ནོར་བའི་བསམ་བློ་དང་མི་གཞི་ཡོད་དགོས་ཚུལ་སོགས་རིན་ཐང་བྲལ་བའི་བསླབ་བྱ་གནང་བར་མ་ཟད།  རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་ཡུལ་ལྷ་ཐར་གྱིས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་བསྒྲུབ་ཀྱི་ཁ་ཕྱོགས་དང་སློབ་ཁྲིད་ཀྱི་སྒྲིག་གཞིའི་སྐོར་ནས་གཏམ་བཤད་གནང་བ་དང་།   མཐར་དགེ་རྒན་རྣམས་ལ་སློབ་གྲོགས་རྣམས་ཀྱིས་སེམས་འདུན་མཚོན་པའི་ལེགས་སྐྱེས་ཕུལ་བ་དང་། དགེ་སློབ་ལྷན་འཛོམས་ཀྱི་དྲན་རྟེན་མཉམ་པར་བླངས་ཏེ་མགོ་ལོག་ས་ཁུལ་གྱི་སྐབས་དང་པོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་དགྱེས་འཛོམས་ཆེན་མོ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས།

སློབ་དཔོན་རྣམས་ཀྱིས་སློབ་མ་ཡོངས་ལ་མི་ཚེའི་ཁ་ཕྱོགས་མ་ནོར་བའི་བསམ་བློ་དང་མི་གཞི་ཡོད་དགོས་ཚུལ་སོགས་རིན་ཐང་བྲལ་བའི་བསླབ་བྱ་གནང་བ།

གཟབ་ནན་གྱིས་དགེ་རྒན་རྣམས་ཀྱི་བཀའ་སློབ་ལམ་སྟོན་ལ་ཉན་བཞིན་པ།

ཚོགས་རའི་ཡུལ་དངོས།

རྫོང་ཁག་སོ་སོའི་སློབ་གྲོགས་རྣམས་ཀྱིས་གྲོས་ཀ་གནང་བཞིན་པ།


མཐར་དགེ་རྒན་རྣམས་ལ་སློབ་གྲོགས་རྣམས་ཀྱིས་སེམས་འདུན་མཚོན་པའི་ལེགས་སྐྱེས་འབུལ་བཞིན་པ།

ཚོགས་ཞུགས་ཡོངས་ཀྱི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  རྨ་གཞུང་བཙན་སྲས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440969
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།