མི་ཁྲི85ལྷག་ལ་བཏུང་ཆུ་ཡོད་པར་བྱས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། » མི་ཁྲི85ལྷག་ལ་བཏུང་ཆུ་ཡོད་པར་བྱས།
མི་ཁྲི85ལྷག་ལ་བཏུང་ཆུ་ཡོད་པར་བྱས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-22ལྟ་ཀློག (13360)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རང་ལོ6གི་སྟེང་ནས་ལོ་ངོ18རིང་ཁྲོན་པ་བརྐོས་ཏེ། མི་ཁྲི85ལྷག་ལ་བཏུང་ཆུ་ཡོད་པར་བྱས།

            2016/09/19      11:01:13

ཆུ་ཕྲན་དག་ཀྱང་ཕྱོགས་གཅིག་ཏུ་བབས་ཚེ་གཏིང་ཟབ་ཅིང་ཕ་མཐའ་བྲལ་བའི་ཆུ་གཏེར་གྱི་རྒྱ་མཚོ་ཆེན་པོ་རུ་འགྱུར་སྲིད། འདི་ནི་ལོ་ངོ18རིང་གི་འབད་བརྩོན་ཡིན།

ཧྥེ་གླིང་ནི་ཆུའི་ཐོན་ཁུངས་ཤིན་ཏུ་དཀོན་པའི་གནས་ཤིག་ཡིན་པ་སྐྱེ་བོ་སུས་ཀྱང་ཤེས་པ་རེད། ཡིན་ནའང་དེ་བས་ཀྱང་མི་སེམས་སྡུག་བསྔལ་བར་བྱེད་པ་ནི། ཆུ་དྭངས་སྙིགས་འབྱེད་པའི་རྨང་གཞིའི་སྒྲིག་ཆས་མེད་པའི་རྐྱེན་གྱིས་ཆུའི་ཐོན་ཁུངས་ཡོད་པའི་དབང་དུ་བཏང་ནའང་། མི་རྣམས་ཀྱིས་སྔར་བཞིན་འདམ་རྫབ་དང་མི་གཙང་ལྗན་ལྗིན་གྱིས་ཁེངས་པའི་ཆུ་རྙོག་འཐུང་དགོས་བྱུང་བ་རེད།


ཆར་ཆུ་ཉུང་བའི་ཐན་པའི་དུས་ཚིགས་ལ་འཕྲད་ཐེངས་རེེར། གནས་བབ་དེ་བས་ཀྱང་ལྡབ་འགྱུར་གྱིས་ཇེ་སྡུག་ཏུ་འགྲོ་ཞིང་། ཆུ་བཞུར་ས་དག་ཏུ་རྙོག་ཅིང་བཙོག་པའི་འདམ་ཆུ་ཅུང་ཙམ་རེ་འཁྱིལ་ནས་ཡོད་པར་བུད་མེད་ཚོས་ཆུ་"འབྲད་ཐབས"བྱེད་ཀྱིན་ཡོད།

སྤྱི་ལོ1998ལོར། Ryanགྱིས་སློབ་གྲྭ་རུ་སློབ་ཐུན་ཞིག་གི་སྐབས་སུ། ཧྥེ་གླིང་གི་བྱིས་པ་ཚོས་རྩེད་ཆས་ཉོ་མི་ཐུབ་པར་མ་ཟད། ཟས་རིགས་དང་སྨན་རྫས་འདང་ངེས་པ་མེད་པ་དང་ཐ་ན་ཁོ་ཚོས་དྭངས་གཙང་གི་ཆུ་ཁམ་གང་ཡང་བཏུང་ཐུབ་ཀྱི་མེད་ཅེས་པའི་དགེ་རྒན་གྱི་གསུང་དེ་ཐོས། གནས་དེ་རུ་གཅིག་བྱས་ན་ཆེས་དྭངས་གཙང་གི་ཆུ་ནི་བྱིས་པ་ཚོའི་མིག་ཆུ་ཡིན་ངེས།

རང་ལོ6ཙམ་ཡིན་པའི་བུ་ཆུངRyanནི་ཆུང་དུས་ནས་ཟས་གོས་ལ་སེམས་ཁྲལ་རྩ་བ་ནས་མེད་པ་དང་ཁོ་རང་གིས་འཇིག་རྟེན་འདིར་ད་དུང་ཡང་ཁོ་དང་ལོ་ཚོད་མཉམ་པའི་བྱིས་པ་དེ་འདྲའི་མང་བོ་ཞིག་བཏུང་ཆུ་གཙང་མ་མེད་པའི་དབང་གིས་ཚེ་སྲོག་འབོར་བཞིན་པ་འདི་ལ་ཡིད་ཆེས་བྱེད་དཀའ་བར་གྱུར།

བུ་ཆུངRyanགྱི་མིག་ཀོང་མཆི་མས་བརླན་པ་དང་། ཁོ་རང་ལ་བཏུང་ཆུ་གཙང་མ་འཐུང་རྒྱུ་མེད་པའི་ཧྥེ་གླིང་གི་བྱིས་པ་དེ་ཚོར་རོགས་རམ་བྱེད་བསམ་པའི་འདུན་པ་འགོག་མེད་ཅིག་སྐྱེས། དེ་བས་ཁོ་རང་དགེ་རྒན་ལ་འདི་སྐོར་བཀའ་འདྲི་ཞུ་རུ་སོང་། དགེ་རྒན་གྱིས་ཁོ་ལ། གལ་སྲིད་སྒོར་མོ་ཡོད་ན་ཁོ་ཚོ་ལ་རོགས་རམ་བྱེད་ཐུབ་ཅེས་བཤད་བྱུང་། སྐར་མ1གིས་ཞ་སྨྱུག་རྐང1ཉོ་ཐུབ། སྐར་མ25ཙམ་གྱིས་འཚོ་བཅུད་སྨན་རིལ175ཉོ་ཐུབ། སྒོར་1གིས་ཟ་མ་རྒྱས་པོ་ཐུན་གཅིག་ཟོས་ཆོག སྒོར2ཀྱིས་བལ་ཕྱུར་གཅིག་ཉོ་ཐུབ། གལ་སྲིད་སྒོར70ཡོད་ན་ཁོ་ཚོར་ཁྲོན་པ་ཞིག་བརྐོ་ཐུབ་སྙམ་པ་རེད།

རང་ཁྱིམ་དུ་ལོག་རྗེསRyanགྱིས་ལམ་སང་ཨ་མ་ལ། "ཨ་མ་ལགས། ང་ལ་སྒོར70གནང་རོགས། བདག་གིས་ཧྥེ་གླིང་གི་བྱིས་པ་ཚོར་བཏུང་ཆུའི་ཁྲོན་པ་ཞིག་བརྐོ་ན་འདོད"ཅེས་བཤད། ཡིན་ནའང་ཨ་མས་ཁོ་ལ། སྒོར70ནི་གྲངས་ཉུང་ཉུང་ཞིག་མ་རེད། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོལ་ཐབས་བྱོས་ཞེས་བཤད། དེ་བསRyanགྱིས་ཁྱིམ་ལས་ནས་འགོ་བརྩམས་ཏེ་དངུལ་བསགས་པ་དང་། ཡང་དེ་ནས་སྤོ་བོས་ཁོ་རང་ལ་གསོམ་སྡོང་གི་འབྲས་བུ་བསྡུ་རུ་བཅུག་པ་དང་ཁྱིམ་མཚེས་དག་གིས་ཀྱང་ཁོ་རང་ལ་གངས་རླུང་གཡུགས་རྗེས་ས་རུ་གཏོར་བའི་སྡོང་བོའི་ཡལ་ག་སྒྲུག་ཏུ་བཅུག་པ་རེད། ཐ་ན་ཁོ་རང་གིས་རྩེད་ཆས་གསར་བ་ཉོ་བའི་རེ་བའང་མ་བཏོན་པ་དང་། ལས་ཀ་ཆུང་ཆུང་དག་རེ་རེ་བཞིན་འགྲུབ་པར་བྱས་རྗེས་ཁོ་རང་གི་དངུལ་སྒྲོམ་དུ་ཨ་སྒོར་ཁ་ཤས་རེ་ཇེ་མང་དུ་ཕྱིན་ཡོད།

འདི་ལྟར་ཟླ་བ4རིང་ལ་རྒྱུན་འཁྱོངས་བྱས་མཐར། Ryanགྱིས་སྒོར70གསོག་ཐུབ་པ་བྱུང་ཡོད། ཉིན་གཉིས་པར། ཁོ་རང་གིས་བྲེལ་འཚུབ་ངང་སྒོར་དེ་དག་ཧྥེ་གླིང་ཕན་བདེ་རྩ་འཛུགས་ཀྱི་འགན་ཁུར་མི་སྣར་སྤྲད་པ་རེད། ཡིན་ནའང་འགན་ཁུར་མི་སྣས་ཁོང་ལ། སྒོར70ཙམ་གྱིས་ཆུ་འཐེན་འཕྲུལ་འཁོར་ཞིག་ལས་ཉོ་མི་ཐུབ། ཧྥེ་གླིང་དུ་ཁྲོན་པ་ཞིག་བརྐོ་བར་མ་མཐའ་ཡང་སྒོར2000དགོས་ཞེས་བཤད། རང་ལོ6ཙམ་ཡིན་པའིRyanལ་མཚོན་ན་ཨང་གྲངས2000ཞེས་པར་དོན་སྤྱི་ཙམ་ཡང་མེད་པ་དང་གཟབ་ནན་གྱིས། "དེས་ན་ང་ཕྱིར་སོང་ནས་ལས་ཀ་མང་ཙམ་བྱས་ཆོག"ཅེས་བཤད།

མཚན་མོ་རེ་རེར་གཉིད་མ་ཉལ་བའི་སྔོན་ལ། ཁོ་རང་གིས"ཧྥེ་གླིང་གི་མི་ཐམས་ཅད་ལ་བཏུང་ཆུ་གཙང་མ་ཡོད་པར་སྨོན"ཞེས་གསོལ་འདེབས་བྱས་པ་རེད། མིང་ལRyanཟེར་བའི་བུ་ཆུང་ཞིག་ལ་ཧྥེ་གླིང་དུ་ཁྲོན་པ་ཞིག་འདོན་འདོད་ཀྱི་བསམ་བློ་ཡོད་པ་མི་འགྱངས་པར་སྡེ་ཁུལ་གྱིས་མི་རྣམས་ཀྱིས་ཀྱང་ཤེས་སོང་།

  ཁོ་རང་གི་རྣམ་དཀར་གྱི་དགེ་སེམས་དང་རྒྱུན་འཁྱོངས་ཀྱི་བྱ་བས། ཨ་མའི་གྲོགས་མོ་སེམས་འགུལ་ཐེབས་པར་བྱས་སོང་། ཁོ་མོསRyanགྱི་གཏམ་རྒྱུད་རྩོམ་ཡིག་ཏུ་བྲིས་ཏེ་རྩོམ་སྒྲིག་ཁང་ལ་བསྐུར་བ་དང་རྩོམ་ཡིག་གི་ཁ་བྱང་ལ“Ryan‘s Well”(Ryanགྱི་ཁྲོན་པ)བཏགས་པ་རེད། རྩོམ་ཡིག་གཏམ་རྒྱུད་འདི་དེ་མ་ཐག་རྩོམ་སྒྲིག་ཁང་འདིའི་པར་གཞིའི་ངོས་སུ་བཀོད་པ་དང་གཞན་གྱི་ཚགས་པར་དག་གིས་ཀྱང་བརྒྱུད་འགོད་བྱས་པ་དང་། ཐ་ན་བརྙན་འཕྲིན་ཁང་གིས་ཀྱང་Ryanགྱི་གཏམ་རྒྱུད་ལེ་ཚན་དུ་བསྟན་པ་རེད།

  མཚན་ཞག་གཅིག་གི་རིང་ལ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཕུལ་བའི་ཞལ་འདེབས་ཀྱི་དངུལ་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་པ་དང་། ཁ་ན་ཏ་རྒྱལ་སྤྱིའི་འཕེལ་རྒྱས་རྩ་འཛུགས(CIDA)ཀྱིས་བསྟན་དོན། “Ryan’s well”ལ་འབྱོར་བའི་སྐར་མ1གི་ཞལ་འདེབས་དེར་ཁོང་ཚོས་སྐར་མ2ཕུལ་ནས་ཁོ་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་བསམ་ཚུལ་བསྟན།

སྤྱི་ལོ1999ལོའི་ཟླ་དང་བོར།  Ryanགྱིས་རང་ཉིད་རྣམ་པར་དག་པའི་དགེ་སེམས་ཀྱི་རེ་བ་དེ་རྒྱབ་ཏུ་ཁུར་ནས་ཧྥེ་གླིང་གི་བོ་གན་ཏ་རྒྱལ་ཁབ་ཀྱི་སློབ་གྲྭ་ཞིག་གི་ནང་དུ་སླེབས། ཁྲོན་པ་དང་བོ་བརྐོས་པ་ལས་བྱུང་བའི་དྭངས་གཙང་གི་བཏུང་ཆུ་ཞིམ་པོའི་གཟེགས་མ་འཕྱུར་ནས་འོངས་པ་ན་བྱིས་པ་ཚོར་དགའ་སྤྲོའི་འཛུམ་མདངས་ཀྱི་མེ་ཏོག་ལྷུག་པོར་བཞད།

      ས་དེ་གའི་སྡོད་དམངས་རྣམས་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཞིངRyanཞེས་པའི་བུ་ཆུང་འདིའི་མིང་ཁོ་ཚོའི་སེམས་སུ་རི་མོ་བཞིན་བརྐོས་ཡོད།

   ཁྲོན་པ་འདི་ཡོད་པ་ནས་བཟུང་བྱིས་པ་ཚོ་ཉིན་རྒྱུན་ལྟར་ཆུ་ཚོད་འགའི་རིང་གོམ་བགྲོད་ཀྱིས་རྒྱང་རིང་གི་ཆུ་རྫིང་དུ་ཆུ་ཁུར་བར་འགྲོ་མི་དགོས་པ་དང་། བློ་བདེ་བག་ཕེབས་ངང་སློབ་ཁང་དུ་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཆར་བལྟས་ཏེ་བསྡད་ཆོག

བོ་གན་ཏའི་དྭ་ཕྲུག་ཅིག་གིས་ཆེད་དུRyanལ་འཕྲིན་ཡིག་སྤྲིངས་ཏེ་རང་གི་སེམས་ཀྱི་བཀའ་དྲིན་མཚོན་པར་བྱས་ཡོད་དེ། "ཁྲོན་པ་མེད་པའི་སྔོན་ལ། ང་རང་རྟག་པར་མཚན་ཕྱེད་དུ་མལ་ལས་ལངས་དགོས་པ་དང་ཆུ་ཚོད་འགར་གོམ་བགྲོད་བྱས་རྗེས་གཞི་ནས་ཅུང་གཙང་མ་ཡིན་པའི་ཆུ་མིག་འཚོལ་ཐུབ། ཡིན་ནའང་ད་ལྟ་ཁྲོན་པ་ང་ཚོའི་ཉེ་འགྲམ་ན་ཡོད"ཅེས་བྲིས་པ་རེད།

  ཡིན་ནའང་ཁྲོན་པ་འགའ་ཞིག་གིས་ད་དུང་ཡང་གཏན་ནས་མི་འདང་ཞིང་། བོ་གན་ཏའི་བྱང་ཕྱོགས་སུ་ལོ་ངོ་མང་བོའི་རིང་ཆར་ཆུ་དཀོན་པ་དང་ཨེ་ཙིའི་ནད་དུག་གི་མནར་གཅོད་དང་སྨྱོ་ཧམ་རྒོད་པ། ཆེས་ཐག་ཉེ་ཤོས་ཀྱི་ཆུ་མིག་ཀྱང་སྤྱི་ལེ5ལྷག་གི་མཚམས་སུ་མ་གཏོགས་མེད་ཅིང་། སྐྱུག་བཤལ་དང་ཚད་རིམས། གནོད་ལྡན་སྲིན་བུ་སོགས་ནི་རྒྱུན་མཐོང་གི་སྣང་ཚུལ་འབའ་ཞིག་ཡིན་པས་གནས་འདིའི་ལྔ་ཆའི་གཅིག་ལྷག་གི་བྱིས་པ་ལོ5ཙམ་ལ་མ་གཏོགས་འཚོ་མི་ཐུབ།

    Ryanཕྱིར་རང་རྒྱལ་དུ་ལོག་རྗེས། ཧྥེ་གླིང་གི་བཏུང་ཆུར་དཀའ་ངལ་ཡོད་པའི་མི་དམངས་དེ་བས་ཀྱང་མང་བོ་ཞིག་ལ་རོགས་རམ་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས། དེ་བས་ཕྱོགས་ཁག་མང་བོ་ཞིག་གི་རྒྱབ་སྐྱོར་འོག   སྤྱི་ལོ2001ལོའི་ཟླ3པར། ཁོ་རང་གིས“Ryan’s well”ཐེབས་རྩ་ཚོགས་པ་དབུ་བརྙེས་པར་མཛད་པ་དང་ཐོག་མར་ཁོ་རང་གང་སར་ཕེབས་ཏེ་གཏམ་བཤད་སྣ་ཚོགས་སྤེལ་ཏེ། རང་ཉིད་ཀྱིས་དངོས་སུ་མཐོང་བའི་ཧྥེ་གླིང་གི་བཏུང་ཆུའི་གནད་དོན་མི་རྣམས་ལ་ངོ་སྤྲོད་བྱས་པ་དང་ཞལ་འདེབས་བསྡུ་བའི་ལས་འགུལ་སྤེལ།

Ryanརང་ལོ6པའི་ལོ་དེའི"ཁྲོན་པ་ཞིག་བརྐོ་བའི"སེམས་འདུན་དེ་སྔ་མོ་ནས་མངོན་འགྱུར་བྱུང་ཡོད་མོད། འོན་ཀྱང"ཧྥེ་གླིང་གི་མི་ཡོངས་ཀྱིས་དྭངས་གཙང་གི་བཏུང་ཆུ་ལོངས་སུ་སྤྱོད་ཐུབ་པའི"ཕུགས་འདུན་དེར་ད་དུང་ཡང་རྒྱང་ཐག་ཤིན་ཏུ་རིང་བས། Ryanགྱིས་རླབས་ཆེ་བའི་བྱ་བཞག་འདིའི་གོམ་སྟབས་ལ་མཚམས་འཇོག་མ་བྱས་པ་རེད།

ཁོ་རང་གིས་གཞན་པའི་རྣམ་གྲངས་ཀྱང་མང་བོ་སྤེལ་བ་དང་ཁྲོན་པ་བརྐོ་བ་ནི་ཐེབས་རྩ་ཚོགས་པའི་རྣམ་གྲངས500ལྷག་ཡོད་པའི་ཁྲོད་ཀྱི་གཅིག་ཙམ་ཡིན་ལ། དེ་ཡང་དམིགས་འདུན་ཉག་གཅིག་ནི་ཧྥེ་གླིང་ལ་བཏུང་ཆུ་གཙང་མ་དང་འཕྲོད་བསྟེན་སྒྲིག་ཆས་མཁོ་སྤྲོད་བྱེད་པ་དེ་ཡིན།

གཞན་དབུལ་ཕོངས་ས་ཁུལ་ལ་སྤྱི་བའི་གསང་སྤྱོད་ཁང་འཛུགས་པ་དང་ས་འོག་ཏུ་ཆུའི་ཐོན་ཁུངས་མེད་པའི་གནས་དག་ཏུ་ཆུ་གསོག་རྫིང་བུ་བསྐྲུན་པ་དང་དྭངས་སྙིགས་འབྱེད་བྱེད་ཀྱི་སྒྲིག་ཆས་བཙུགས་ནས་ཆར་ཆུ་གསོག་ཉར་བྱས་ཏེ་དྭངས་སྙིགས་འབྱེད་རྗེས་བཏུང་ཆུ་གཙང་མར་བཟོ་བ་བཅས་ཀྱི་ཐད་རོགས་རམ་ཚད་མེད་བྱས།

  དེ་ལས་གཞན། Ryanགྱིས་ཧུར་བརྩོན་ཆེན་པོའི་སྒོ་ནས་ཧྥེ་གླིང་ཕན་བདེ་རྩ་འཛུགས་ཀྱི་རོགས་སྐྱོར་འོག་ས་གནས་དེ་གའི་ན་ཆུང་ལོ་གཞོན་རྣམས་ལ་གསོ་སྐྱོང་སྦྱོང་བརྡར་སྤེལ་ཏེ་ཁོང་ཚོར་ཆུ་གཙང་མའི་བཏུང་ཆུའི་གལ་ཆེན་རང་བཞིན་དང་དེའི་ཐབས་ལམ་སློབ་ཁྲིད་བྱས་པ་དང་། ཁོ་ཚོར་རང་ཁ་རང་གསོ་དང་རང་སྟོབས་རང་སྤེལ་བྱེད་དུ་བཅུག

  སྐབས་དེར་རང་ལོ6ཙམ་ཡིན་པའི་སྙིང་རྗེ་ཞིང་ཡིད་དུ་འོངས་པའི་བུ་ཆུང་འདི་ད་ལྟ་རང་ལོ24ལ་སོན་པའི་གསར་བུ་ཞིག་ཏུ་གྱུར་ཡོད། དུས་ཚོད་ཀྱིས་ཁོ་རང་འཚར་ལོངས་བྱུང་བར་བྱས་མོད། ཡིན་ནའང་བྲག་རི་བཞིན་བརྟན་བརླིང་འགྱུར་བ་མེད་པ་ནི་ཁོང་གི"ཁྲོན་པ་ཞིག་བརྐོ་བ"ཞེས་པའི་ཐོག་མའི་བསམ་བློ་དེ་རེད།

     ཁྲོན་པ་དང་ཆུ་གསོག་རྫིང་བུ་སོགས་ཡོད་པའི་གནས་དག་ཏུ་མི་རྣམས་ཀྱིས་བཏུང་ཆུའི་ཐད་སེམས་ཁྲལ་བྱེད་མི་དགོས་པ་དང་རང་རང་གི་འོས་བབ་ཀྱི་ལས་ཀ་བྱས་ཆོག་སྟེ། སློབ་སྦྱོང་བྱེད་པ་དང་ཞིང་འདེབས་པ། ད་དུང་ཚོང་ལས་ཙག་ཙིག་གཉེར་བའང་ཡོད།

ས་གནས་དེ་གའི་མི་རྣམས་ཀྱི་འཚོ་བ་བྲེལ་བ་ཆེ་ཞིང་ཕུན་སུམ་ཚོགས་པར་གྱུར་བས་བཞིན་རས་ཀྱང་འཛུམ་མདངས་ཀྱིས་རིམ་གྱིས་མཛེས་པར་གྱུར།

     གནས་འདིའི་བྱིས་པ་ཚོསRyanནི་རང་གི་སེམས་གཏིང་གི་དཔའ་རྒོད་ལ་ངོས་འཛིན་བྱེད་བཞིན་ཡོད། Ryanགྱིས་བཤད་དོན། བདག་ལ་བསམ་ཚུལ་གཅིག་མ་གཏོགས་མེད་དེ། དེ་ནི"ང་རང་ལ་ཡོད་པ་ཐམས་ཅད་ཁྱེད་ཚོར་སྦྱིན་པར་འདོད།"

      ད་ལྟ། ས་སྒང་རིལ་མོ་འདིར་མི་དུང་ཕྱུར10ཙམ་གྱིས་བདེ་ཐང་གི་ཆུ་གཙང་མ་འཐུང་ཐུབ་ཀི་མེད་པ་དང་དུང་ཕྱུར26བརྒལ་བའི་མི་རྣམས་ལ་ད་དུང་ཡང་འོས་འཚམ་གྱི་བདེ་ཐང་འཕྲོད་བསྟེན་གྱི་སྒྲིག་ཆས་མེད་པ་དང་། ཡང་དེའི་ཁྲོད་ཀྱི་མི་གྲངས་དུང་ཕྱུར12ལྷག་གིས་འཕྲོད་བསྟེན་སྒྲིག་ཆས་གང་ཡང་བཀོལ་སྤྱོད་བྱེད་ཐུབ་ཀི་མེད།

      “Ryan’s well”ཐེབས་རྩ་ཚོགས་པས་ད་ལྟའི་བར་ཁྲོན་པ་1000ལྷག་བརྐོས་ཟིན་པ་དང་མི་གྲངས་ཁྲི85ལས་བརྒལ་བར་བཏུང་ཆུ་གཙང་མ་འདོན་སྤྲོད་བྱས་ཡོད།

མི་ཡོད་དོ་ཅོག་གིས་བཏུང་ཆུ་གཙང་མ་ལོངས་སུ་སྤྱོད་སླད། Ryanགྱིས་ལོ་ངོ18རིང་ལ་འབད་བརྩོན་ལྷོད་མེད་ཀྱིས་རླབས་ཆེན་གྱི་ལས་དོན་འདི་རྒྱུན་འཁྱོངས་བྱས་པར་མ་ཟད། ད་དུང་ཡང་མུ་མཐུད་དུ་བྱ་བཞག་འདི་མཐའ་འཁྱོལ་བར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།     ཆེས་ཐོག་མའི་བསམ་བློའི་དམིགས་འདུན་མ་བརྗེད་ན། ནང་སེམས་ཀྱི་འཇིག་རྟེན་ཆེས་གསལ་བར་བྱེད་པའི་འོད་སྣང་ཕྲ་མོ་གཅིག་པུ་དེས་ཀྱང་། འཛམ་གླིང་ཡོངས་ལ་འགྱུར་བ་གཏོང་ཐུབ་པ་ཁྱེད་ཀྱིས་ཤེས་ཐུབ།

ཡིག་སྒྱུར་བ་དང་མཁོ་སྤྲོད་པ། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   མི་ཁྲི85ལྷག་ལ་བཏུང་ཆུ་ཡོད་པར་བྱས།   སྤེལ་མཁན།: རྐྱང་ཕུན་ཚོགས། སྤེལ་དུས:2016/9/23
བདག་ལ་བསམ་ཚུལ་གཅིག་མ་གཏོགས་མེད་དེ། དེ་ནི"ང་རང་ལ་ཡོད་པ་ཐམས་ཅད་ཁྱེད་ཚོར་སྦྱིན་པར་འདོད་ཅེས་པའི་སྐད་ཆ་དེ་ངོ་ཚོ་༽སུ་ཞིག་གིས་ལག་ལེན་དོན་འཁྱོལ་ཐུབ་ན་དེ་ནི་བུ་རྒོད་རེད། གལ་ཏེ་ང་ཚོ་Ryanལྟ་བུའི་ལྷད་མེད་ལྷག་བསམ་དང་འབད་པ་ལྷོད་ཀྱི་ཕྱུག་པའི་སྐྱེས་བུ་ཞིག་ཡིན་ན་དེ་ལས་བསྐྱེད་པའི་འབྲས་བུ་ནི་ཆེས་ཤིན་ཏུ་མཛེས་པ་ཞིག་ཡིན་པར་སྙམ།
   མི་ཁྲི85ལྷག་ལ་བཏུང་ཆུ་ཡོད་པར་བྱས།   སྤེལ་མཁན།: དོ་དོ སྤེལ་དུས:2016/9/22
སྤྲུལ་སྐུ་ཟེར་བ་འདི་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25438883
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།