འཆི་ཁར་ཕན་པའི་གདམས་ངག་ཉམས་ལེན་གྱི་སྙིང་བོ་ཞེས་བྱ་བ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »འཆི་ཁར་ཕན་པའི་གདམས་ངག་ཉམས་ལེན་གྱི་སྙིང་བོ་ཞེས་བྱ་བ་བཞུགས་སོ།
འཆི་ཁར་ཕན་པའི་གདམས་ངག་ཉམས་ལེན་གྱི་སྙིང་བོ་ཞེས་བྱ་བ་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-15ལྟ་ཀློག (4766)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། འཆི་ཁར་ཕན་པའི་གདམས་ངག་ཉམས་ལེན་གྱི་སྙིང་བོ་ཞེས་བྱ་བ་བཞུགས་སོ།།

བདེ་བ་ཅན་གྱི་མགོན་པོ་འོད་དཔག་མེད།།
མཐོན་མཐིང་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས།།
དགྱེས་འཛུམ་ཟླ་བའི་ཞལ་རས་བདག་ལ་སྟོན།།
བྱིན་རླབས་བདུད་རྩིའི་དགའ་སྟོན་བདག་ལ་སྩོལ།།
ཚེ་མཇུག་དབུགས་ཐག་འཆད་པར་ཉེ་བའི་ཚེ།།
མཚན་དཔེ་རྒྱན་ལྡན་ཁྱོད་སྐུ་བདག་དྲུང་དུ།།
མངོན་སུམ་བྱོན་ནས་ཚེ་འདིར་མ་ཆགས་པར།།
ང་ཡི་ཞིང་དུ་འགྲོ་ཞེས་གསུང་བར་ཞུ།།
རང་ལུས་རྩ་རྣམས་ལྷོད་ཅིང་སོ་དྲག་ཆགས།།
སྨིག་རྒྱུ་འདྲ་བའི་ཉམས་སྣང་འཆར་བ་སོགས།།
ས་ཁམས་ཆུ་ལ་ཐིམ་པའི་རྟགས་བྱུང་ཚེ།།
མ་སྐྲག་མ་འཇིགས་གསུངས་ཤིག་འོད་དཔག་མེད།།
ཁ་སྣ་བརྫེས་ཤིང་ལྕེ་ཐུང་ཤེས་པ་འཚུབ།།
དུ་བ་ལྟ་བུའི་ཉམས་སྣང་འཆར་བ་སོགས།།
ཆུ་ཁམས་མེ་ལ་ཐིམ་པའི་རྟགས་བྱུང་ཚེ།།
ཞལ་སྟོན་སེམས་གསོ་མཛོད་ཅིག་འོད་དཔག་མེད།།
དྲོད་སྡུད་མདངས་ཤོར་ཤིག་འབྲོས་རླངས་པ་འཕྲོ།།
སྲིན་བུ་མེ་ཁྱེར་ཉམས་སྣང་འཆར་བ་སོགས།།
མེ་ཁམས་རླུང་ལ་ཐིམ་པའི་རྟགས་བྱུང་ཚེ།།
ཆོས་སྒྲ་ལྷང་ལྷང་གསུངས་ཤིག་འོད་དཔག་མེད།།
ལུས་ནི་ཤུགས་སེ་འཐོར་ཞིང་དབུགས་ཐག་ཆད།།
མར་མེ་ལྟ་བུའི་ཉམས་སྣང་འཆར་བ་སོགས།།
རླུང་ཁམས་རྣམ་ཤེས་ཐིམ་པའི་རྟགས་བྱུང་ཚེ།།
དགྱེས་བཞིན་བསུ་མ་མཛོད་ཅིག་འོད་དཔག་མེད།།
དེ་ཚེ་ཁྱོད་ཐུགས་འོད་ཟེར་ལྕགས་ཀྱུའི་རྩེ།།
སྤྱི་གཙུག་ཚངས་པའི་བུ་གར་རབ་ཟུག་སྟེ།།
བདག་སེམས་དབུ་མའི་ལམ་ནས་ཡར་དྲངས་ཏེ།།
བདེ་ལྡན་པདྨའི་སྦུབས་སུ་སྐྱིལ་བར་མཛོད།།
སྐད་ཅིག་དེ་རུ་ལུས་ཀྱི་སྐྱེ་མཆེད་རྫོགས།།
ཐེག་ཆེན་རིགས་ཅན་ལྟ་བུའི་ལུས་བླངས་ཏེ།།
ཁྱོད་ཞལ་མཇལ་ཞིང་ཁྱོད་གསུང་ཉམས་བླངས་ཏེ།།
ཕྱིར་མི་ལྡོག་པར་བྱང་ཆུབ་འཐོབ་པར་ཤོག།

ཅེས་དམིགས་པ་གསལ་བོའི་སྒོ་ནས་འོད་དཔག་མེད་ཀྱི་མཚན་ཐུབ་ཚོད་དུ་བཟླ་ཞིང་བཟང་སྤྱོད་སྨོན་ལམ་གྱིས་རྒྱས་གདབ་བོ།། ཅེས་པ་འདི་ནི་འཁོར་ལོ་སྣ་ཁའི་དགེ་བསྙན་མ་ཤེས་རབ་སྒྲོན་མས་ནན་ཆེར་བསྐུལ་བའི་ངོར། དན་ཏིག་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་མདོར་བསྡུས་ཁ་གསལ་དུ་བྲིས་པའོ།། །།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ཁྲི་གཤོག་སྙེ་མ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438172
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།