གངས་ལུང་མེ་ཏོག་རྩོ​མ་ཡིག་བྱ་དགའི་མཛད་སྒོ་དགའ་བདེའི་གཙང་སྐོར་ཞོལ་མའི་སློབ་ཆུང་དུ་སྤེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གངས་ལུང་མེ་ཏོག་རྩོ​མ་ཡིག་བྱ་དགའི་མཛད་སྒོ་དགའ་བདེའི་གཙང་སྐོར་
གངས་ལུང་མེ་ཏོག་རྩོ​མ་ཡིག་བྱ་དགའི་མཛད་སྒོ་དགའ་བདེའི་གཙང་སྐོར་ཞོལ་མའི་སློབ་ཆུང་དུ་སྤེལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-07-11ལྟ་ཀློག (6118)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼གངས་ལུང་མེ་ཏོག༽སྐབས་བརྒྱད་པའི་རྩོམ་ཡིག་བྱ་དགའི་མཛད་སྒོ་དགའ་བདེ་རྫོང་གི་གཙང་སྐོར་

ཞོལ་མའི་སློབ་ཆུང་དུ་སྤེལ།


     ༢༠༡༦ལོའི་སྤྱི་ཟླ༧པའི་ཚེས༡༠ཉིན་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ཡུལ་ཤོག་ལྟེ་གནས་བཅའ་སྡོད་སློབ་ཆུང་དུ༼གངས་ལུང་མེ་ཏོག༽སྐབས་བརྒྱད་པའི་རྩོམ་ཡིག་བྱ་དགའི་མཛད་སྒོ་དང་དབྱར་གཞུང་སྐྱིད་པའི་སྤྲོ་ཚོགས་གཉིས་མཉམ་དུ་སྤེལ་བ་དང་།  ༼གངས་ལུང་མེ་ཏོག༽ནི་དགའ་བདེ་རྫོང་ཡོངས་ཀྱི་སློབ་ཆུང་སློབ་མའི་སྦྱང་རྩོམ་དེབ་ཅིག་ཡིན་ལ།  ད་བར་དུ་སྤྱིའི་དེབ་གྲངས་བརྒྱད་འགྲེམ་སྤེལ་བྱས་པ་དང་། དེབ་རེ་རེའི་ཁྲོད་ནས་ཕུལ་དུ་བྱུང་བའི་ན་ཆུང་རྩོམ་པ་པོ་དག་གི་བརྩམས་ཆོས་ལ་ལོ་རེ་བཞིན་དུ་རྩོམ་ཡིག་དཔྱད་འདེམ་བརྒྱུད་ནས་བྱ་དགའ་སྤྲོད་བཞིན་ཡོད་ལ།  ད་ལོར་ཡང་སློབ་ཆུང་སོ་སོའི་ན་ཆུང་རྩོམ་པ་པོ་བཅུ་དགུའི་བརྩམས་ཆོས་ལ༼གངས་ལུང་མེ་ཏོག༽རྟགས་མའི་བྱ་དགའ་ཐོབ།

        ཐེངས་འདིའི་བྱ་དགའི་མཛད་སྒོར་གཙང་ཞོལ་དགོན་དཔལ་ངེས་དོན་བཀྲ་ཤིས་ཆོས་འཁོར་གླིང་གི་སྤྲུལ་སྐུ་གཙང་བ་ལྕགས་མདུད་མཆོག་དང་བཀའ་བཅུ་རབ་འབྱམས་པ་དགེ་བཤེས་ངག་དབང་བཀྲ་ཤིས་སོགས་གཙོ་བྱས་པའི་དགའ་བདེ་རྫོང་སློབ་གསོ་ཅུའུ་ཡི་མགོ་ཁྲིད་ཚན་ཁག་དང་གཞན་ཡུལ་ཤོག་སོ་སོའི་སྲིད་གཞུང་གི་འགོ་ཁྲིད་དང་སློབ་གྲྭ་སོ་སོའི་འགོ་ཁྲིད་བཅས་ཞུགས་ཡོད་པར་མ་ཟད།  ཚོགས་ཐོག་ཏུ་སྤྲུལ་སྐུ་གཙང་བ་ལྕགས་མདུད་མཆོག་དང་བཀའ་བཅུ་རབ་འབྱམས་པ་དགེ་བཤེས་ངག་དབང་བཀྲ་ཤིས་རྣམ་གཉིས་ཀྱིས་མི་རིགས་སློབ་གསོ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་བ་དང་།

       ཞོར་དུ་གཙང་ཞོལ་སློབ་ཆུང་གི་སློབ་མ་རྣམས་དང་སམ་བྷོ་ཊ་སློབ་གླིང་གི་སློབ་མ་རྣམས་གཙོ་བྱས་ཏེ་རིག་རྩལ་འཁྲབ་སྟོན་ཡིད་ཚིམ་པ་བྱས་པར་མ་ཟད།  ས་གནས་ཀྱི་གླུ་བ་དང་གླུ་མ་འགས་ཀྱང་འཁྲབ་སྟོན་བྱས་ཏེ་སྐབས་བརྒྱད་པའི༼གངས་ལུང་མེ་ཏོག༽རྩོམ་ཡིག་བྱ་དགའ་གནང་བའི་མཛད་སྒོ་རྒྱལ་ཁ་དང་གཟི་བརྗིད་ངང་ནས་འཚོགས།

སྤྲུལ་སྐུ་གཙང་བ་ལྕགས་མདུད་མཆོག་གིས་དགེ་རྒན་དང་ཁྱིམ་བདག་བར་གྱི་འབྲེལ་འདྲིས་དང་འབྲེལ་བའི་གདམས་ངག་ཟབ་མོ་གནང་བཞིན་པ།

བཀའ་བཅུ་རབ་འབྱམས་པ་དགེ་བཤེས་ངག་དབང་བཀྲ་ཤིས་མཆོག་གིས་མི་རིགས་སློབ་གསོའི་འཕེལ་རྒྱས་དང་འབྲེལ་བའི་གཏམ་བཤད་གནང་བཞིན་པ།

      སྤྲུལ་སྐུ་གཙང་བ་ལྕགས་མདུད་མཆོག་གིས་བྱ་དགའ་ཐོབ་པའི་ན་ཆུང་རྩོམ་པ་པོ་རྣམས་ལ་མ་འོངས་པར་བོད་གངས་ཅན་གྱི་རྩོམ་རིག་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་དང་རྩོམ་རིག་སྒྱུ་རྩལ་གྱི་རྒྱུད་འཛིན་པར་འགྱུར་བའི་སྨོན་འདུན་དང་རྟེན་འབྲེལ་དུ་སྤྲུལ་སྐུ་རང་ངོས་ནས་སློབ་མ་རེ་རེ་ལ་བྱ་དགའ་ཕུལ་བ།

གསར་འགོད་པ། རྨ་གཞུང་བཙན་སྲས།

རྩོམ་སྒྲིག་འགན་འཁུར་བ། 

མགར་རྩེ་འོད་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས་ཡེ་ཤེས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25440920
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།