མེ་ལོང་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་དང་དཔྱད་གླེང་ཚོགས་འདུ།
2016 .6.11ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་བན་ཤུལ་འཇམ་དབྱངས་དང་རོང་ཚང་ཀླུ་རྒྱལ་གཉིས་ཀྱིས་རྩོམ་སྒྲིག་གནང་བཞིན་པའི་མེ་ལོང་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཆེན་མོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་དངོས་མང་བཤམས་སྟོན་ཁང་དུ་བསྡུས་པ་དང་། སྐབས་སུམ་ཅུ་བའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་སྟོན་ཆེན་མོའི་སྟེང་ཕེབས་པའི་སྐུ་མགྲོན་གཙོ་བོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་འཇིགས་མེད་རྒྱལ་མཚན་ཚང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ། ཟི་ལིང་གྲོང་ཁྱེར་རིག་གནས་ཅུའུ། ཀྲུང་གུང་རྨ་ལྷོ་ཁུལ་ཨུ། རྨ་ལྷོ་ཁུལ་རིག་གནས་ཅུའུ། གཅན་ཚ་རྫོང་རིག་གནས་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་དང་རྒྱལ་ཁབ་ཕྱི་ནང་གི་མི་རིགས་བརྒྱ་ཕྲག་མང་བོ་མེ་ལོང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཁང་དུ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བ་དང་། ཚོགས་གུར་གྱི་ནང་དུ་རི་མོའི་སྒྱུ་རྩལ་གྱི་དགེ་མཚན་དང་ཕུགས་འདུན་སྐོར་གྱི་དཔྱད་གླེང་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་གསེར་བྲག་དོན་གྲུབ་ཚེ་བརྟན་དང་། སྙན་ངག་པ་དང་ཁེ་ལས་པ་གྲགས་ཅན་སྐུ་ཞབས་གངས་ཞུན། ཁ་ན་ཏའི་བསྟན་འཛིན་སྒྲོལ་མ། རི་མོ་བ་གྲགས་ཅན་ཚུལ་ཁྲིམས་སྙིང་བོ་སོགས་ཀྱིས་མེ་ལོང་ལོ་དེབ་དང་འབྲེལ་ཏེ་གཏམ་བཤད་གལ་ཆེན་མང་དུ་གནང་།
མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་རྒན་འཇིགས་མེད་རྒྱལ་མཚན་སོགས་ཀྱིས་མེ་ལོང་སྒྱུ་རྩལ་ལ་གཟིགས་ཞིབ་གནང་བ།
རི་མོའི་སྒྱུ་རྩལ་གྱི་དགེ་མཚན་དང་ཕུགས་འདུན་སྐོར་གྱི་དཔྱད་གླེང་ཚོགས་འདུ་ཟི་ལིང་ལྷོ་རིའི་སྤྱི་གླིང་དུ་འཚོགས་པ།
མེ་ལོང་རྩོམ་སྒྲིག་པ་བན་ཤུལ་འཇམ་དབྱངས་ཀྱིས་མེ་ལོང་ལོ་དེབ་གྱི་བྱ་བའི་བརྒྱུད་རིམ་སྐོར་གླེང་བ།
རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་དྲུང་ཡིག་ཆེན་མོ་ཆོས་དཔལ་རྒྱ་མཚོས་མེ་ལོང་སྒྱུ་རྩལ་དང་འབྲེལ་བའི་གཏམ་བཤད་གནང་བ།
བོད་ཀྱི་སྙན་ངག་པ་དང་ཁེ་ལས་པ་གྲགས་ཅན་སྐུ་ཞབས་གངས་ཞུན་ལགས་ཀྱིས་རི་མོའི་སྒྱུ་རྩལ་གྱི་རྣམ་པ་འདིའང་ཚོང་ལས་ཅན་དུ་བསྒྱུར་དགོས་པའི་སྐོར་གྱི་གསུང་བཤད་གནང་བ།
བོད་ཀྱི་རི་མོ་བ་གྲགས་ཅན་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ཀྱིས་མེ་ལོང་ལོ་དེབ་ཀྱི་ཁ་གཏད་ཡུལ་སློབ་ཆེན་པའི་སྡེ་ལ་དམིགས་དགོས་པའི་སྐོར་གྱི་གསུང་བཤད་གནང་བ།
མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་རི་མོ་དང་གཞུང་ལུགས་ཟུང་དུ་འབྲེལ་དགོས་པའི་སྐོར་གྱི་གསུང་བཤད་གནང་བ།
ལྷ་རིས་པ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་སྲོལ་རྒྱུན་ཐང་གའི་དགེ་མཚན་སྐོར་གྱི་གསུང་བཤད་གནང་བ།
བོད་ཀྱི་གནའ་རྫས་ཞིབ་འཇུག་པ་བརྩོན་འགྲུས་ལགས་ཀྱིས་ཐང་ཀའི་ཞལ་ཕྱག་གི་མཚོན་དོན་མ་ནོར་བ་གལ་ཆེ་བའི་སྐོར་གྱི་གསུང་བཤད་གནང་བ།
རི་མོ་བ་གྲགས་ཅན་ཚུལ་ཁྲིམས་སྙིང་བོ་ལགས་ཀྱིས་རི་མོའི་སྒྱུ་རྩལ་གྱི་དགེ་མཚན་དང་འབྲེལ་བའི་གསུང་བཤད་གནང་བ།
རི་མོ་བ་གྲགས་ཅན་བསྟན་འཛིན་ཉི་མས་རི་མོའི་ལམ་དུ་སློབ་གསོ་དར་སྤེལ་གཏོང་དགོས་པའི་སྐོར་གྱི་གསུང་བཤད་གནང་བ།
རི་མོ་བ་རྒྱ་བཟའ་ཐུབ་པ་ལགས་ཀྱིས་རི་མོའི་གཞུང་ལུགས་གལ་ཆེ་བའི་སྐོར་གྱི་གསུང་བཤད་གནང་བ།
ཁ་ན་ཏའི་རི་མོ་བ་གྲགས་ཅན་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ནུབ་གླིང་རི་མོ་དང་བོད་ཀྱི་རི་མོའི་བར་ཐག་སྐོར་གྱི་གསུང་བཤད་གནང་བ།
རི་མོ་བ་གཙང་ཕུལ་བྱུང་རྒྱ་མཚོས་མེ་ལོང་ལོ་དེབ་ཀྱི་དགེ་མཚན་སྐོར་གྱི་གསུང་བཤད་གནང་།
རི་མོ་བ་གྲགས་ཅན་གཡས་ཚུལ་ཁྲིམས་ཉི་མས་མེ་ལོང་སྒྱུ་རྩལ་བརྩམས་ཆོས་ལ་ཐུན་མོང་གིས་འབད་བརྩོན་བྱ་དགོས་པའི་སྐཽར་གྱི་གསུང་བཤད་གནང་བ།
རི་མོ་བ་རྒུ་སྲས་སྐལ་བཟང་ཉི་མས་མེ་ལོང་སྒྱུ་རྩལ་གསར་རྩོམ་གྱི་ལམ་དུ་ཞུགས་དགོས་པའི་སྐོར་གྱི་གསུང་བཤད་གནང་བ།
རི་མོ་བ་འབྲུག་མོ་རྒྱལ་གྱིས་རི་མོའི་གཞུང་ལུགས་གལ་ཆེ་བའི་སྐོར་གྱི་གསུང་བཤད་གནང་བ།
རྩོམ་སྒྲིག་འགན་ཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ། ཨ་བུ་འབྲོང་།
|