མགོ་ལོག་ཁུལ་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་སྐབས་གཉིས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་བོ།

༢༠༡༦ ལོའི་སྤྱི་ཟླ་༤ བའི་ཚེས་༥ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་རྒྱལ་མཉམ་སྒྲུབ་ཚོང་སྡེ་རུ་ཉིས་སྟོང་དགུ་ལོའི་ཟླ་བརྒྱད་པའི་ནང་གསར་དུ་རྩ་འཛུགས་བྱས་པའི་མགོ་ལོག་ཁུལ་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་སྐབས་གཉིས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་བོ་དངོས་སུ་འཚོགས་ཤིང་། ཚོགས་ཐོག་ཏུ་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་མཉམ་སྒྲུབ་ཚོང་སྡེ་གྱི་ཁ་ཕྱོགས་དང་དམིགས་ཡུལ། ངོ་བོ་དང་བྱེད་ནུས་སོགས་རྒྱལ་ཁབ་སོ་སོའི་ཁྱད་ཆོས་དང་ལྡན་པའི་མཉམ་སྒྲུབ་ཚོང་སྡེ་གྱི་དགེ་མཚན་སོགས་གསལ་བཤད་གནང་བ་དང་། འཛམ་གླིང་གི་ཁ་ཕྱོགས་དང་མཐུན་པའི་མཉམ་སྒྲུབ་ཚོང་སྡེ་ལམ་ལུགས་ལག་བསྟར་བྱེད་ཕྱོགས་སྐོར་གྱི་གསུང་བཤད་གནད་དུ་འཁེལ་བ་གནང་བར་མ་ཟད། ཚོགས་གཙོ་གཞོན་པ་དམེ་ཚང་གསང་བྷོ་དང་འགྲོ་ཕན། མགར་དོན་གྲུབ། པ་ཡོ། འཛམ་སྐྱབས་སོགས་ཀྱིས་རང་རང་གི་བྱ་བའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་འབྲེལ་བའི་སྒོ་ནས་ཚོང་ལས་འཕེལ་ཕྱོགས་སྐོར་གྱི་བསམ་ཚུལ་དང་། ཚོགས་མི་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་དཔུང་བ་མཉམ་བཤིབ་བྱས་ཏེ་ཁྲིམས་དང་མཐུན་པའི་སྒོ་ནས་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་དང་། མཉམ་སྒྲུབ་ཚོང་སྡེ་མདུན་ལམ་ལ་ཧུར་བརྩོན་ཆེན་པོས་རྒྱུན་འཁྱོངས་བྱ་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ། ཚོགས་ཞུགས་ཚོགས་མི་རེ་རེས་རང་ཉིད་ངོ་སྤྲོད་དང་འབྲེལ་བའི་སྒོ་ནས་ཕན་ཚུན་བར་བསམ་ཚུལ་བརྗེས་རེས་ཀྱིས་ཁེ་ལས་སྒྲུབ་སྟངས་ཐད་ཀྱི་གཏམ་བཤད་གནད་དུ་འཁེལ་བ་མང་བོ་གནང་བ་སོགས་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས་པ།

ཚོགས་རའི་ཟུར་ངོས་དང་བོ།

ཚོགས་རའི་ཟུར་ངོས་གཉིས་པ།

ཚོགས་རའི་ཟུར་ངོས་གསུམ་པ།

ཚོགས་རའི་ཟུར་ངོས་བཞི་བ།

རྒྱུན་ལས་ཚོགས་མིའི་དྲན་རྟེན་འདྲ་པར།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|