གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་རྩིས་དངོས་རྫས་གསུམ་གྱི་དགེ་རྒན་འབྲུག་རྩེ་རྒྱལ་གྱིས་དངོས་ལུགས་རྒྱུན་ཤེས་སྐོར་གྱི་འཆད་ཁྲིད་གནང་བ།
དགེ་རྒན་འབྲུག་རྩེ་རྒྱལ་ལགས་ནི་མཚོ་ལྷོ་ཁུལ་འབའ་རྫོང་བལ་ཁོ་རུ་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ཏེ་རྩིས་དངོས་རྫས་གསུམ་གྱི་སྦྱང་འབྲས་མི་དམན་པ་ཐོབ་ཡོད། ༡༩༩༧ལོར་མཚོ་ལྷོ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ༢༠༠༡ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དངོས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིར། ༢༠༠༡-༢༠༠༥བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་དགེ་རྒན་གྱི་བྱ་བ་བསྒྲུབས། ༢༠༠༥-༢༠༡༦བར་གངས་ལྗོངས་རྩ་ཐང་བུ་མོའི་སློབ་གྲྭའི་དགེ་རྒན་དང་སློབ་གཙོའི་འགན་ཁུར་མྱོང་། ད་ལྟ་ཤེས་རིག་ནོར་བུའི་སློབ་གླིང་དུ་རྩིས་དངོས་རྫས་གསུམ་གྱི་དགེ་རྒན་བྱེད་བཞིན་ཡོད།
༢༠༡༦ལོའི་སྤྱི་ཟླ་༣ཚེས་༣༡ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་དོན་ཁང་གིས་བཀོད་སྒྲིག་ལྟར་སློབ་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་དགེ་སློབ་སྟོང་ཕྲག་གཅིག་ལྷག་ལ་ཁོང་གིས་དངོས་ལུགས་རྒྱུན་ཤེས་སྐོར་གྱི་འཆད་ཁྲིད་གནང་ཞིང་། མཐར་ཕྱིན་འཛིན་གྲྭ་སྔོན་མ་དག་ལའང་དངོས་ལུགས་དང་རྫས་འགྱུར་སྐོར་གྱི་སློབ་ཁྲིད་དང་ཚོད་ལྟ་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་མྱོང་།
བརྙན་ངོས་བརྒྱུད་ནས་གསལ་འགྲེལ་གནང་བཞིན་པ།

སློབ་མ་ཡོངས་ཀྱིས་གཟབ་ནན་གྱིས་ཉན་བཞིན་པ།
གསར་འགྱུར་མཁོ་སྤྲོད་པ། ཤེས་རིག་ནོར་བུའི་གླིང་གི་སློབ་དོན་ཁང་གིས།
|