གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་མཛོད་ཁང་སྒྲ་སྒྱུར་གཙུག་ལག་གླིང་དངོས་སུ་དབུ་འབྱེད་མཛད་སྒོ་སྤེལ་བ།

དེ་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་མཛོད་ཁང་སྒྲ་སྒྱུར་གཙུག་ལག་གླིང་ཞེས་པ་དངོས་སུ་དབུ་འབྱེད་མཛད་སྒོ་སྤེལ་ཞིང་། ཚོགས་ཐོག་ཏུ་རྭ་རྒྱ་གྲོང་བརྡལ་གྱི་འགོ་གཙོ་ཀྲུའུ་ཀྲིན་ཅ། རྭ་རྒྱ་གྲོང་བརྡལ་དམངས་ཆེན་གྱི་འགོ་བ་རྟ་མགྲིན་ཚེ་རིང་། རྭ་རྒྱ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་གཉིས་རྒྱ་མཚོ། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་ཡུལ་ལྷ་ཚེ་རིང་། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་སྟོན་ཁང་གི་འགོ་བ་བཀྲ་ཤིས་ཚེ་རིང་། རྭ་རྒྱ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཐང་ཧྲིན་ཐེན། རྭ་རྒྱ་གྲོང་བརྡལ་བྱིས་གཉོར་ཁང་གི་སློབ་གཙོ་ཚེ་རིང་འཚོ་བཅས་ཞུགས་པར་མ་ཟད། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་དང་རྭ་རྒྱ་གྲོང་བརྡལ་དམངས་ཆེན་གྱི་འགོ་བ་རྟ་མགྲིན་ཚེ་རིང་། རང་སློབ་གླིང་གི་དཔེ་མཛོད་ཁང་གི་འགོ་གཙོ་སྐལ་བཟང་བློ་གྲོས་བཅས་ཀྱིས་གསུང་བཤད་གལ་ཆེན་གནང་ཞིང་། སློབ་མ་ཚོས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས། མཇུག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སྒྲ་སྒྱུར་གཙུག་ལག་གླིང་གི་དཔེ་ཀློག་མཁན་རྣམས་ལ་དམིགས་པའི་བསླབ་བྱ་སྟེ་༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་གླིང་གི་བསླབ་བྱ༽ཞེས་པའི་དོན་ཚན་ཉི་ཤུ་ཅན་བསྒྲགས་སོ།།
མཛད་སྒོའི་ཡུལ་དངོས།

དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་དཔེ་ཀློག་གི་བསླབ་བྱ་གནང་བ།

ཚོགས་ཞུགས་ཀྱི་ཕྱོགས་སོ་སོའི་སྐུ་མགྲོན་རྣམས།

ཚོགས་རའི་འོག་ཁང་།

རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱེད་བཞིན་པ།

དཔེ་མཛོད་ཁང་གི་ཟུར་ཞིག

དཔེ་མཛོད་ཁང་གི་ཟུར་ཞིག
གསར་འགོད་པ། གྱི་ལིང་འཇིགས་མེད།
|