ཁོ་རང་གཅིག་པུས་གངས་ཁྲོད་དུ་ཞབས་རྗེས་བཀོད་དེ་ངོ་མཚར་བའི་སྒྱུ་རྩལ་གྱི་ཕོ་བྲང་བཞེངས།
2016-02-25 01:31:20

Simon Beckལ་འཛམ་གླིང་དུ་ཐེངས་དང་བོ་དང་ཆེས་སྐད་གྲགས་ལྡན་པའི་གངས་ཁྲོད་སྒྱུ་རྩལ་བའི་མཚན་སྙན་ཕུལ་ཡོད། ཁོ་རང་གིས་དུས་རྒྱུན་ཕ་མཐའ་མི་མངོན་པའི་གངས་ཀྱི་ཁྲོད་དུ་རང་ཉིད་ཀྱི་རྐང་བ་ཟུང་ལ་བརྟེན་ནས་མི་རྣམས་ངོ་མཚར་བར་བྱེད་པའི་བརྩམས་ཆོས་དག་འགྲུབ་པར་བྱས་འོངས།

དགུན་དུས་ཁ་བ་བབས་རྗེས། Simonགངས་ཁྲོད་དུ་ཆུ་ཚོད་འགའི་རིང་འགྲོ་བ་ཡིན་ལ། སྐབས་རེར་ཉི་མ་འགའི་རིང་གི་དུས་ཚོད་བེད་སྤྱད་དེ་གཞི་ནས་བརྩམས་ཆོས་ལེགས་འགྲུབ་བྱེད་ངེས་རེད།

ཁོང་གི་བརྩམས་ཆོས། ངོ་མའི་ཕུལ་དུ་བྱུང་བ་ཞིག་རེད་ཨང་།

དངོས་གནས་ཡིད་ཆེས་བྱེད་དཀའ་བ་ཞིག་རེད། འདི་དག་ཡོད་ཚད་ཁོང་གི་རྐང་བ་ཟུང་གི་གོམ་པར་བརྟེན་ནས་འགྲུབ་པར་བྱས་པ་རེད། ཁོང་གིས་གནམ་ས་གཉིས་ཀྱང་ཤོག་དཀར་གྱི་གདན་དུ་བྱས་ཤིང་། རང་ཉིད་པིར་སྨྱུག་དུ་བརྫུས་ཏེ། འདི་ལྟ་བུའི་མི་སེམས་འགུལ་བར་བྱེད་པའི་རི་མོ་རེ་རེ་བཞིན་བཞེངས་བསྐྲུན་བྱས་ཡོད།

བར་ཐག་ཉེ་ས་ནས་བལྟས་ན་འདི་ལྟ་བུ་ཞིག་རེད་འདུག ཡོད་ཚད་ཁོ་རང་ཉིད་ཀྱི་ཚོར་ཤེས་འབའ་ཞིག་གི་སྒོ་ནས་གསར་གཏོད་བྱས་པ་རེད།

མི་ཞིག་གིས་བཟོས་པ་གཏན་ནས་མ་རེད་ཨང་། ཧ་ལམ་འདི་ནི་སྐྱབས་མགོན་གྱི་ཕྱག་ཟུང་གིས་འགྲུབ་པར་བྱས་པའི་བརྩམས་ཆོས་རེད་སྙམ།


དབྱར་དུས། Simonགྱིས་བྱེ་ཐང་དུའང་རི་མོའི་བརྩམས་ཆོས་འབྲི་བཞིན་ཡོད།
ཡིད་ཕངས་པ་ཞིག་ལ། འདི་ལྟ་བུའི་བརྩམས་ཆོས་དག་ཡང་བསྐྱར་ཁ་བ་ཐེངས་ཤིག་བབས་པ་དང་ཡང་ན་གནམ་གཤིས་དྲོན་པོར་གྱུར་བ་ཡིན་ན། དུས་དེ་ནས་བཟུང་ས་སྒང་རིལ་མོ་འདིའི་སྟེང་ནས་ཡལ་ཏེ་མི་མངོན་པར་གྱུར་འགྲོ།


Simonགྱིས་འདི་ལྟར། ཐེངས་རེ་རེར་ཡང་དང་བསྐྱར་དུ་གནས་སྐབས་ཀྱི་དུས་ཡུན་ཐུང་ངུའི་རིང་འཇིག་རྟེན་འདིར་གནས་ཐུབ་པའི་བརྩམས་ཆོས་དག་འགྲུབ་པར་བྱས་ཡོད།
 

དུས་ཚོད་ཐུང་ངུའི་ནང་དུའང་ངོ་མཚར་བའི་མཛེས་སྡུག་བསྐྲུན།


འདི་ལྟ་བུའི་ངོ་མཚར་བའི་སྟོབས་ཤུགས་ནི། གསར་གཏོད་མཁན་གྱིས་རྐང་བ་ཟུང་གིས་ཕུལ་བ་འབའ་ཞིག་རེད།
ཡིག་སྒྱུར་བ་དང་མཁོ་སྤྲོད་པ། གསར་འགོད་པ་འཇམ་དབྱངས་ཚུལ་ཁྲིམས།
|