མཁས་པའི་རྩོད་ར་ཆེན་མོ་གསུམ་གྱི་གནའ་ཤུལ།





གོང་གི་འདྲ་པར་འདི་དག་དང་གཤམ་དུ་ཡོད་པའི་འདྲ་པར་དག་ནི་གུ་རེ་སེ་རྒྱལ་ས་ཨ་ཏན་ATHENS དང་གནའ་བོའི་གུ་རེ་སེ་ཡི་གནས་གལ་ཆེན་རྡལ་ཧྥེ་DELPHI རུ་ཡོད་པའི་མཁས་པའི་རྩོད་ར་ཆེན་མོ་གསུམ་གྱི་གནའ་ཤུལ་ཡིན།



མཁས་པའི་རྩོད་ར་ཆེན་པོ་གསུམ་གྱི་གནའ་ཤུལ་དི་དག་འཛམ་གླིང་ཐོག་སྐད་གྲགས་ཆེན་པོ་ཡོད་དགོས་དོན་ནི། གནའ་བོའི་གུ་རེ་སེ་ཡི་མཁས་པ་ཚོས་སྐད་སྒྲ་ལ་ཞིབ་འཇུག་བྱས་ནས་རྩོད་ར་འདིའི་གཤམ་ནས་མི་གཅིག་གིས་སྐད་ཆ་བཤད་དུས་མི་ཚང་མས་གོ་ཐུབ་པ་ཞིག་ཡིན། གལ་ཏེ་གཤམ་གྱི་མི་དེས་ཤོག་བུ་ཞིག་ལག་པས་འགུལ་སྤྱོད་བཏང་ཚེ་ཤོག་བུའི་སྒྲ་ར་བའི་ནང་གི་མི་ཡོངས་ཀྱིས་ཧ་ཅང་གསལ་བོར་གོ་ཐུབ་པའི་ཁྱད་ཆོས་ཡོད་པ་ཞིག་ཡིན།




རོམ་གྱིས་གུ་རེ་སེ་ལ་བཙན་འཛུལ་གནང་རྗེས་སུ་རྩོད་ར་ཆེན་མོ་འདི་དམར་གསོད་དང་བྲོ་འཁྲབ་སར་གྱུར་བ་མ་ཟད། རོམ་ས་ཆ་གང་ལ་སླེབས་ན་དེར་འདི་འདྲའི་ར་བ་སྐྲུན་ཡོད་པས་མི་མང་བོས་འདི་ནི་རོམ་གྱི་འཛུགས་བསྐྲུན་ཡིན་པར་ནོར་གྱིན་ཡོད། དེ་རྗེས་རྩོད་ར་འདིར་དཔེར་བྱས་ནས་ཨོ་ལེན་པེ་ལུས་རྩེད་ར་བ་བྱུང་བར་གྲགས།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|