གངས་ལྗོངས་ཤེས་རིག་ནོོར་བུའི་སློབ་གླིང་གི་སློབ་འགོ་གསར་དུ་ཚུགས་པ།
སྤྱི་ལོ་2016ལོའི་ཟླ་3 ཚེས་5ཉིན་ངེད་སློབ་གླིང་གི་སློབ་འགོ་གསར་དུ་ཚུགས་ཤིང་། ཚེས་6ཉིན་ནས་རྒྱུན་ལྡན་ལྟར་ཚོགས། ཚེས་7ཉིན་གྱི་ཕྱི་དྲོར་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས་འཚོགས་ཏེ་ལོ་གཅིག་གི་གང་ཅིའི་ལས་དོན་ཐད་གྲོས་བསྡུར་དང་། དགོང་མོར་དགེ་སློབ་ཡོངས་གླིང་སྨད་དུ་འཚོགས་ཤིང་། ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སློབ་གྲྭའི་དགེ་སློབ་ཡོངས་ལ་གསུང་བཤད་གལ་ཆེན་གནང་།


འཕྲིན་གཏོང་བ། གྱི་ལིང་འཇིགས་མེད།
|