འབྲུག་ཆུང་ཆུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »འབྲུག་ཆུང་ཆུང་།
འབྲུག་ཆུང་ཆུང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-25ལྟ་ཀློག (6272)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འབྲུག་ཆུང་ཆུང་།

        འཇམ་དབྱངས་དཀར་པོ།


 སྤྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༤ ཉིན། ཚན་རིག་པས་སི་ལོ་ཝི་ནེ་(Slovenian) མཚོའི་ཟབ་སའི་བྲག་ཕུག་ཅིག་ནས་སྲོག་ཆགས་འདི་རྙེད་པར། མིང་ལ་ཕུག་པའི་ཉའམ་འབྲུག་གི་བྱིས་པ་ཞེས་བཏགས་ཡོད། འདིའི་གཟུགས་པོའི་གྲུབ་ཆ་ནས་གཤེར་གནས་སྒོང་སྐྱེས་ཀྱི་རིགས་ཡིན་པར་རྟོགས།

མཚོའི་ཟབ་སའི་ཕུག་པར་འཚོ་གནས་བྱེད་ཅིང་། དུས་གཅིག་ལ་སྒོ་ང་ ༣༠ ནས་ ༦༠ བར་གཏོང་།

གཟུགས་པོ་ཀྱ་ག་ཀྱོག་གེ་དང་སྡེར་མོ་ཟད་ཅིང་འབྱར་བག་ཅན་འདི་ལ། དུས་རབས་ ༡༥ ནང་གི་མི་རྣམས་ཀྱིས་འདི་འབྲུག་གི་ཚ་བོ་དང་ཡང་ཚ་གང་རུང་ཞིག་ཡིན་པར་ཡིད་ཆེས་བྱེད།    འོན་ཀྱང་འདིའི་ཁ་ནང་ནས་མེ་མི་འབར་ཡང་། སྲོག་ཆགས་འདི་ལ་ངོ་མཚར་བའི་ལྷ་སྒྲུང་མང་པོ་ཞིག་མཆིས།

སྲོག་ཆགས་འདི་ལོ་ ༡༠༠ ལྷག་ལ་འཚོ་ཐུབ་ཅིང་བཟའ་བཏུང་མེད་པར་ཉིན་བཅུ་ཕྲག་རེར་འདུག་ཐུབ།  ངོ་མཚར་བ་ཞིག་ལ་སྲོག་ཆགས་འདི་ལ་མིག་མེད་ཀྱང་། (ལུས་པོའི་ནང་གི་)གློག་རྫས་དང་རྣོ་ཁབ་ལེན་གྱི་རྫས་ལ་བརྟེན་ནས་སྒྲ་ཐོས་ཤིང་གཟུགས་མཐོང་བ། དྲི་ཚོར་བའི་ཚོར་ཤེས་བཅས་ཡོང་གི་ཡོད་འདུག

སྲོག་ཆགས་འདིའི་མོའི་རིགས་ནི་ལོ་ ༡༥ ལོན་རྗེས་འཁྲིག་སྤྱོད་ཀྱི་ལོ་ཚད་ལོན་ཏེ་འཁྲིག་སྤྱོད་ལ་རོལ་ཅིང་། ལོ་ ༦ རེ་མཚམས་སུ་ཕྲུ་གུ་སྐྱེ་བར་བྱེད་པ་དང་། ཕྲུ་གུ་སྐྱེ་ཐེངས་རེར་སྒོ་ང་ ༣༠ ནས་ ༦༠ བར་གཏོང་།

ཕྲུ་གུ་སྐྱེས་སྐབས་ཨ་མ་དེ་མ་མཐར་ཡང་བདུན་ཕྲག་གཅིག་གམ་ཉིན་ ༢༠ རིང་ཉལ་ཏེ་སྒོ་ང་གཏོང་། སྒོ་ང་བཏང་བའི་བདུན་ཕྲག་ཁ་ཤས་རྗེས་ཕྲུ་གུ་རྣམས་སྒོ་ང་ལས་ཕྱིར་ཐོན་ནོ།།

གསར་འགྱུར་མཁོ་སྤྲོད་པ། གཟི་མིག་གསུམ་པ། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438934
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།