འཇིགས་མེད་རྒྱལ་མཚན་མཆོག་གིས་རྭ་རྒྱའི་བཀའ་འགྱུར་དཔར་སྐྲུན་ལ་གཟིགས་ཞིབ་གནང་བ་སོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »འཇིགས་མེད་རྒྱལ་མཚན་མཆོག་གིས་རྭ་རྒྱའི་བཀའ་འགྱུར་དཔར་སྐྲུན་ལ་ག
འཇིགས་མེད་རྒྱལ་མཚན་མཆོག་གིས་རྭ་རྒྱའི་བཀའ་འགྱུར་དཔར་སྐྲུན་ལ་གཟིགས་ཞིབ་གནང་བ་སོགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-01-22ལྟ་ཀློག (7329)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༡༦ལོའི་ཟླ་༡པོའི་ཚེས་༢༡ཉིན་མགོ་ལོག་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སི་ཁྲོན་ཁྲིན་ཏུའུ་རུ་ཕེབས་ཏེ་རྭ་རྒྱའི་བཀའ་འགྱུར་དཔར་སྐྲུན་བྱ་བར་གཟིགས་ཞིབ་དང་མཛུབ་སྟོན་གནངས།

ལས་འགན་པ་རྣམས་ཀྱིས་རྭ་རྒྱའི་བཀའ་འགྱུར་ལས་གཞི་ལ་གསར་དུ་གྲོས་བསྡུར་དང་ལས་གཞིའི་འགྲོ་རིམ་ཁོང་ལ་ཞུ་འབུལ་གནང་བཞིན་པ།

གེ་རྒན་མཆོག་གིས་སམ་བྷོའི་ཊའི་པར་སྒྲིག་ཁང་དང་དཔེ་མཛོད་ཁང་གི་མི་སྣ་འགར་བཀའ་སློབ་གནང་བཞིན་པ།

བཀའ་འགྱུར་ལས་གཞི་སྒྲུབ་བཞིན་པའི་ལས་མི་རྣམས་དང་མཉམ་པར་བསྒྲོན་པ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སམ་བྷོ་ཊའི་དཔེ་མཛོད་ཁང་དུ་གཟིགས་ཞིབ་ཏུ་ཕེབས་པ།

ཉིན་གུང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཁྲིན་ཏུའུ་ཆ་རུ་ལས་ཁྱིམ་དུ་གཟིགས་ཞིབ་ཏུ་ཕེབས་པ།

     ཕྱི་དྲོར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སི་ཁྲོན་ཁྲིན་ཏུའུ་རུ་གཞིས་ཆགས་པའི་དར་དཀར་པོ་བོད་ཟས་ཁང་དང་།  གངས་ལྗོངས་རིག་གནས་དགེ་ལས་ཚད་ཡོད་སྤྱི་གཉེར་ཁང་།   དྭངས་སེམས་ཚོང་ལས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱིས་ཆེད་དུ་གདན་འདྲེན་ཞུས་ཏེ་མཉམ་སྒྲུབ་ཚོང་སྡེའི་ཁེ་ཕན་དང་ཉེན་ཚབས་བརྗོད་གཞིའི་ཐོག་གསུང་བཤད་མང་བོ་གནངས།

མཇུག་ཏུ་གོ་སྒྲིག་ཚན་ཆུང་གིས་དགེ་རྒན་མཆོག་ལ་གཟེངས་དར་སོགས་ཀྱིས་བཀའ་དྲིན་མཚོན་པར་བྱས།



ད་རེབ་ཀྱི་འཆད་འཁྲིད་གོ་སྒྲིག་སྡེ་ཁག

དར་དཀར་པོའི་བོད་ཟས་ཁང་ནི།

    སྤྱི་ལོ་2010 ལོར་སི་ཁྲོན་ཁྲིན་ཏུའུ་ནས་དབུ་བརྙེས་པ་དང་ལྟོས་བཅས་ཀྱིས་མི་རིགས་རང་གི་དྲི་མས་ཕྱུག་ཅིང་།  དེང་རབས་མཁོ་ཆས་ཀྱི་ཆ་རྐྱེན་འཛོམས་པས།  ནང་དུ་འཛུལ་མ་ཐག་ནས་ཚོར་བ་ཁྱད་པར་བ་ཞིག་གིས་དྲོད་ཁོལ་སྟེར་ཡོང་། གནའ་ཆས་དང་གློག་སྒྲོན་བར་ནས་བཙན་པོ་སུ་ཚང་གི་རང་བཞིན་མངོན་པར་རོལ་ཏེ། 

ལམ་ཐག་ཉེ་རིང་གི་མགྲོན་པོ་སུ་ཡང་སེམས་པ་ལྷོད་ལ་བབས་ཏེ་ཁ་ལག་མཆོད་ཆོག  དེང་དུས་སུ་རོང་འབྲོག་གང་ལ་ཡང་།  མཐོང་དཀོན་པའི་མེས་པོའི་སྲོལ་ཆས་འདི་དག་གིས་དར་དཀར་པོའི་བོད་ཟས་ཀྱི་བྲོ་བ་མཐོ་སྒང་གི་བསིལ་རླུང་དང་བསྡེབས་ཏེ།   རི་ཐང་དུ་ཁྱབ་བཞིན་གྲོང་ཁྱེར་གྱི་གློག་འོད་དང་འགྲོགས་ཏེ་མགྲོན་འབོད་ཞུ་བཞིན་ཡོད།  ཞོ་ཟེའུ་དང་རྒྱ་མ་ཏ་ལེན་དང་ཀོ་ཁུག་སོགས་མཐིང་སྨུག་སྦྲ་ཡི་གྲིབ་འོག་གི་མེས་པོ་སྣ་ར་ཅན་དག་གི་ལོ་རྒྱུས་མང་པོ་བསླངས་ཏེ་བཙན་པོ་སུ་ཚང་གི་ཁྱིམ་རྒྱུད་ལ་ཕྱིར་རྟོག་དང་དྲན་སྐུལ་ཞུ་ཡོང་།  གནའ་དེང་མཁས་པའི་གསུང་རྩོམ་ཐར་ཐོར་དང་མི་རིགས་རང་གི་ལོ་རྒྱུས་ཕན་ཚུན་གཅིག་ཏུ་སྤུངས་པས།  གསོལ་བ་བཞེས་ཞོར་དུ། མཐོ་སྒང་བོད་ཀྱི་རིག་གནས་སྒེའུ་ཁུང་ལ། མགོ་བོ་བསིང་ཆོག་པར་མ་ཟད་ཁོམ་གླགས་དང་བསྟུན་ཏེ། དཔེ་དེབ་རེ་རེ་ནས་ཞིབ་གཟིགས་གནང་ཆོག  དཀྱིལ་ཀྲུང་ལ་གོམ་པའི་མི་རིགས་ཀྱི་བཞུགས་སྟེགས་ནས་བོད་ཟས་སྣ་ཚོགས་ཀྱི་བྲོ་བ་མྱོང་བཞིན། བོད་སྲོལ་གཙང་མའི་ཁོར་ཡུག་སྣོམ་ཆོག དར་དཀར་པོ་བོད་ཟས་ཁང་གི་དར་དཀར་པོ་ལྟ་བུའི་ངང་གཤིས་སྣམས་ཏེ་ཁྱེད་དང་ཁྱེད་ཀྱི་གྲོགས་པོ་ཡོངས་ལ་དགའ་བསུ་ཞུ་བཞིན་ཡོད།


སྤྱི་གཉེར་ཁང་ངོ་སྤྲོད་མདོར་བསྡུས།

      གངས་ལྗོངས་རིག་གནས་དགེ་ལས་ཚད་ཡོད་སྤྱི་གཉེར་ཁང་གྱི་ལས་འཛིན་པའི་འགོ་འཛིན་པ།     

  དབང་ཕྱུག་རྡོ་རྗེ། 

      གངས་ལྗོངས་རིག་གནས་དགེ་ལས་ཚད་ཡོད་སྤྱི་གཉེར་ཁང་ནི་༢༠༠༧ལོར་འགོ་བཙུགས་པའི་མི་རིགས་ཀྱི་

ཁྱད་ཆོས་ལྡན་པའི་གྱོན་ཆས་བཙོང་བའི་སྤྱི་གཉེར་ཁང་ཞིག་ཡིན་ལ། “གཞན་ཕན་དང་བྱམས་བརྩེ་”གཉེར་སྐྱོང་གི་ལྟ་བར་འཛིན་ཅིང་རྒྱལ་ཁབ་ཕྱི་ནང་གི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་གི་ལས་གཉེར་གཙོ་བོ་བྱས་ཏེ་དབུ་གཙང་དང་། ཁམས། ཁྲིན་ཏུའུ་སོགས་སུ་རང་གཉེར་ཚོང་ཁང་དང་བརྒྱུད་འཚོང་ཡན་ལག་མང་ཙམ་བཙུགས་ཡོད། 2015ལོར་མཐུད་སྦྲེལ་དྲ་བའི་གློག་རྡུལ་ཚོང་དོན་O2Oདཔེ་དབྱིབས་གཉེར་སྐྱོང་བྱེད་སྟངས་བཙུགས་པ་ལ་བརྟེན་ནས། མི་རིགས་ཁེ་ལས་ཀྱི་མ་འོངས་པར་ཁ་ཕྱོགས་པའི་འཕེལ་རྒྱུས་ཀྱི་ལམ་དེ། མི་རིགས་ཀྱི་རིག་གནས་རྒྱལ་སྤྱིའི་ཁྲོམ་རར་འགྲེམ་པ་མངོན་དུ་འགྱུར་བའི་ཕུགས་འདུན་བཅངས་ཡོད།




དྭངས་སེམས་ཚོང་ལས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་། 

    དྭངས་སེམས་ཚོང་ལས་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་ནི་ཁེ་བཟང་སྒྲུབ་མཁན་གྱི་སྤྱི་ཚོགས་ཁེ་ལས་ཤིག་ཡིན་པ་དང་།  ང་ཚོའི་བྱ་བ་གཙོ་བོ་ནི་སྤྱི་ཚོགས་ཁེ་ལས་བར་ལ་འབྲེལ་བ་འཛུགས་རྒྱུ་དང་འཚར་ལོངས་བྱུང་བཞིན་པའི་ཚོང་ལས་གསར་པ་རྣམས་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་སོགས་ཡིན། དཔེར་ན་ཚོང་ལས་སློབ་སྟོན་གྱི་ཞབས་ཞུ་ལྟ་བུ། ང་ཚོའི་ཕུགས་བསམ། སྤྱི་ཚོགས་ཁེ་ལས་ཀྱི་དོན་གཉེར་བརྒྱུད་དེ་ཁོར་ཡུག་དང་རིག་གནས་སྲུང་སྐྱོབ་སྐོར་གྱི་སྤྱི་ཚོགས་དཀའ་གནད་དག་སེལ་ཐབས་ལ་སློབ་གསོ་དང་མཐུན་རྐྱེན་མཁོ་སྤྲོད་བྱེད་པ། ང་ཚོའི་དམིགས་ཡུལ། མཐུན་རྐྱེན་དང་ཆེད་ལས་པ་གཉིས་ཀྱི་དབར་ལ་ཟུང་འབྲེལ་གྱི་ཟམ་པ་བཙུག་སྟེ་མཐོ་སྒང་གི་གྲུབ་འབྲས་ལྡན་པའི་སྤྱི་ཚོགས་ཁེ་ལས་ཀྱི་མ་ལག་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25437815
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།