​ཉི་ཧོང་གི་སྒྲིག་སྲོལ་སྲུང་བརྩི་​ཡིས་འཛམ་གླིང་གི་སྐྱེ་བོ་རྣམས་ཧང་སངས་པར་བྱས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​ཉི་ཧོང་གི་སྒྲིག་སྲོལ་སྲུང་བརྩི་​ཡིས་འཛམ་གླིང་གི་སྐྱེ་བོ་རྣམ
​ཉི་ཧོང་གི་སྒྲིག་སྲོལ་སྲུང་བརྩི་​ཡིས་འཛམ་གླིང་གི་སྐྱེ་བོ་རྣམས་ཧང་སངས་པར་བྱས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-01-20ལྟ་ཀློག (4345)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 ཉི་ཧོང་གི་སྒྲིག་སྲོལ་སྲུང་བརྩི་ཡིས་འཛམ་གླིང་གི་སྐྱེ་བོ་རྣམས་ཧང་སངས་པར་བྱས། 

      ཉི་ཧོང་བ་ནི་སྒྲིག་སྲོལ་སྲུང་བརྩི་བྱེད་པར་སྐད་གྲགས་ཡོད་དེ། གནས་ཚུལ་ཛ་དྲག་གང་ཞིག་གི་འོག་ཏུ་ཡང་འཇིགས་དངངས་དང་འཚབ་འཚུབ་གཏན་ནས་མི་བྱེད། ཉི་ཧོང་ཏུང་ཅིན་གྱི་JRཤར་ཧེ་ཏོ་ལམ་ཐིག་ཏུ་གཟའ་ཟླ་བའི་སྔ་དྲོར་སྔ་ཕྱིར་མི་ཞིག་ལྕགས་ལམ་དུ་ལྷུང་བ་དང་གློག་ཆད་པའི་རྐྱེན་གྱིས། མེ་འཁོར་སྐྱོད་མཚམས་འཇོག་དགོས་བྱུང་བ་དེས་ལས་ཚོགས་པ་མི་ཁྲི་15ཙམ་གྱི་འགྲུལ་བཞུད་ལ་ཤུགས་རྐྱེན་ཐེབས། སྐབས་དེར་མི་སྟོང་ལྔ་ཙམ་ཞིག་ལས་ཚོགས་ལ་འགྲོ་དགོས་པ་དང་སློབ་གྲྭར་བསྐྱོད་དགོས་པས་ལྕགས་ལམ་བརྒྱུད་དེ་དུས་ཚོད་སྐར་མ་20རིང་ཉེ་འདབས་ཀྱི་འབབ་ཚིགས་སུ་རྐང་ཐང་ལ་མི་འགྲོ་ཀ་མེད་བྱུང་མོད། ཡིན་ནའང་སྒྲིག་སྲོལ་སྔར་བཞིན་ཤིན་ཏུ་ལེགས།

     བསྒྲགས་པའི་གསར་འགྱུར་ལྟར་ན། ཉིན་དེར་ཉི་ཧོང་གི་JRནུབ་ཀྲུའུ་ཅེ་འབབ་ཚིགས་སུ་མི་ཞིག་ལྕགས་ལམ་འབབ་སྟེགས་ནས་མར་ལྷུང་བས་མེ་འཁོར་བསྐྱོད་མཚམས་བཞག་པ་དང་ཆུ་ཚོད་གཅིག་གི་རྗེས་སུ་ཡང་བསྐྱར་འགྲུལ་བཞུད་བྱས། ཡིན་ནའང་ཅང་མ་འགོར་བར་ཧྲིན་ཧོ་ནས་ཡོན་ཏིན་འབབ་ཚིགས་བར་ཡང་བསྐྱར་གློག་ཆད་པའི་དབང་གིས། ས་ཁུལ་དེའི་བར་ཐག་གི་ལྕགས་ལམ་གྱི་འབབ་ཚིགས་བཞིའི་བགྲོད་སྐྱོད་མཚམས་བཞག་པ་རེད། མི་ལ་ལས་འཁོར་སྒམ་ཕྱི་རོལ་དུ་གློག་སྐུད་མེས་འཚིགས་པའི་རྗེས་ཤུལ་མཐོང་བས་གློག་སྒོར་གནད་དོན་བྱུང་བ་དང་མེ་འཁོར་གྱི་འཁོར་སྒམ་དང་གློག་སྡོང་སྦྲེལ་མཚམས་བར་འཚིག་སྐྱོན་བྱུང་བར་ཚོད་དཔག་བྱས།


     སྐབས་དེར་མི་ཁ་ཤས་ཀྱིས་བརྙན་གཟུགས་ཕབ་ལེན་བྱས་པ་ནི། འགྲུལ་བ་མི་ལྔ་སྟོང་ཙམ་གོ་རིམ་བཞིན་གྲལ་བསྟར་རིང་བོ་བསྒྲིགས་ཏེ་ཧ་ཅང་གྲལ་འགྲིག་པོའི་ངང་ལྕགས་ལམ་བརྒྱུད་དེ་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། སྔ་གཞུག་རྩོད་པའི་སྣང་ཚུལ་གཅིག་ཀྱང་མེད་པར་མ་ཟད། ཁོ་ཚོས་རྒན་སྐྱོར་གཞོན་ཁྲིད་དང་ཐ་ན་རྐང་ལག་མི་བདེ་བའི་ལོ་ལོན་དག་རྒྱབ་ཏུ་ཁུར་ཏེ་རྐང་ཐང་ལ་སྐྱོད་ཀྱིན་ཡོད། ལྕགས་ལམ་འགྲིམ་འགྲུལ་ཞབས་ཞུ་བས་ལམ་འགྲམ་ནས་འགྲུལ་བ་རྣམས་ལ་ཡང་ནས་ཡང་དུ་གུས་འདུད་ཀྱིས་མགོ་བོ་སྒུར་ཏེ་དགོངས་དག་ཞུ་བཞིན་ཡོད་པ་དེས། ཉི་ཧོང་བས་སྒྲིག་ལམ་བརྩི་སྲུང་བྱེད་པའི་སྲོལ་བཟང་ལ་དབང་མེད་དུ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད།

ཡིག་སྒྱུར་བ་སྐབས་གསུམ་པའི་མཐར་ཕྱིན་སློབ་མ་གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438941
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།