ནང་བསྟན་རྒྱུན་ཤེས། ༡༡
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༡༡
ནང་བསྟན་རྒྱུན་ཤེས། ༡༡
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-01-09ལྟ་ཀློག (4136)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༡༡

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

 ༡༢༢ ང་ཚོས་ཟ་མ་ཟ་བའི་སྔོན་དུ་མཆོད་ཁ་འཕེན་པའི་རྒྱུ་མཚན་ཅི།

ལན། སྐྱབས་འགྲོའི་བསླབ་བྱའི་ནང་དུ་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་དགོས་པར་བཤད་ཡོད་པ་དེ་ཡིན་ཏེ་ཟས་ཀྱི་མགོ་མ་དཀོན་མཆོག་ལ་མཆོད་པ་ནི་རང་གི་ཚོགས་གསག་པའི་ཆེད་དུ་ཡིན། དེའི་ཕྱིར་མཆོད་ཁ་འཕེན་པ་ལ་དཀོན་མཆོག་གསུམ་མཆོད་སྙམ་པ་ཞིག་ཡོད་ན་ཤིན་ཏུ་བཟང་ངོ་། །

༡༢༣ རྒྱུན་དུ་ཇ་ལ་སོགས་པ་མཆོད་དུས་འདོན་པ་གང་ཞིག་བཏོན་ན་བཟང་ངམ།

ལན། རྒྱུན་དུ་ཟ་བཏུང་གིས་མཆོད་དུས། བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །དཀོན་མཆོག་གསུམ་ལ་རྒྱུན་དུ་མཆོད་པ་ཡིས། །དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལ་མཆོད་པ་འབུལ། །ཞེས་པ་འདི་བཏོན་ན་བཟང་།

༡༢༤ མཆོད་ཁ་གསུམ་འཕེན་པའི་རྒྱུ་མཚན་ཅི།

ལན། དེ་ནི་དཀོན་མཆོག་གསུམ་ལ་མཆོད་པ་ཡིན།

༡༢༥ འོ་ན་མཆོད་རྫས་གང་ཡིན་གྱིས་མཆོད་ན་ཆོག་གམ།

ལན། མི་ཆོག་སྟེ་མཆོད་པར་མཐུན་པའི་དངོས་པོ་ཞེས་པ་དགོས་ལ་མི་མཐུན་པའི་དངོས་པོ་ཞེས་པ་ནི་དུག་རིགས་དང་གོ་མཚོན་སོགས་ཏེ་དེས་མཆོད་ན་ཉེས་པ་འབྱུང་བས་སོ།།

༡༢༦ འོ་ན་ཤ་ཆང་གིས་མཆོད་པ་དབུལ་ཆོག་གམ།

ལན། མི་ཆོག་སྟེ་དཔེར་ན་བླ་མ་ཆང་མི་བཞེས་པ་ཞིག་ལ་ཆང་ཕུལ་ན་ཐུགས་རྒྱལ་བཞེངས་པ་བཞིན་མདོ་ལུགས་ལ་ཤ་ཆང་མི་འགྲོ་བས་དེ་དག་གིས་གཏན་ནས་མཆོད་པ་འབུལ་མི་ཆོག་ལ་སྔགས་ཀྱི་སྐབས་སུ་ཡིན་ན་ཤ་ཆང་དམ་རྫས་ཡིན་པས་ངེས་པར་དགོས་སོ།།

༡༢༧ བླ་མ་དང་དགེ་འདུན་མཆོད་པའི་ཕྱིར་དུ་ལུག་བསད་པ་ལ་ཕན་ཡོན་ཡོད་དམ།

ལན། དེ་ནི་ལོག་ལྟས་ཀུན་ནས་བསླངས་པའི་མི་དགེ་བ་ཆེན་པོ་ཡིན་པས་དགེ་བ་ག་ལ་ཡོད། འོན་ཀྱང་ཁོས་མཆོད་པའི་ཆ་ནས་དགེ་བ་འབྱུང་ལ་སྲོག་བཅད་པའི་ཆ་ནས་མི་དགེ་བ་འབྱུང་ངོ་། །

༡༢༨ མཆོག་དམན་ཀུན་གྱི་ལག་ལེན་ཐུབ་བའི་མཆོད་པ་གང་།

ལན། ཡོན་ཆབ་དང་མེ་ཏོག མར་མེ། ལྷ་བཤོས། གདུག་སྤོས། རོལ་མོ་སོགས་ཡིན།

༡༢༩ མཆོད་པ་འབུལ་བ་ལ་སྣོད་ལ་བཟང་ངན་ཡོད་དམ།

ལན། དེ་དག་འབུལ་བའི་སྣོད་རང་གི་འབྱོར་བ་དང་བསྟུན་ནས་རིན་པོ་ཆེ་ལས་གྲུབ་པ་བྱུང་ན་བཟང་ལ་མ་བྱུང་ཡང་བྱི་དོར་གཙང་སྦྲ་ཐོན་པ་ནི་ཤིན་ཏུ་གལ་ཆེའོ།།

༡༣༠ མཆོད་ཆུ་ཇི་ལྟར་བཤམ་དགོས།

ལན། ཏིང་ཕོར་དར་བཟང་བོས་འོད་འབར་བར་ཕྱིས། ཕྱག་མཛུབ་ཀྱི་རྫས་བྱུང་ན་སླར་ཡང་ཕྱིས། མཆོད་ཆུ་ཕྱིར་འཕོ་ན་ཚུལ་ཁྲིམས་འཆལ་ཞིང་འཁོར་མི་འདུ། ཁ་ཧ་ཅང་དམའ་བས་ལོངས་སྤྱོད་ཀྱིས་དབུལ་བ། ཏིང་ཕོར་ཡ་ཡོ་ཅན་དུ་བསྒྲིགས་པས་དགེ་སྦྱོར་ཁྲིགས་སུ་མི་འོང་བ་སོགས་ཉེན་ཤིན་ཏུ་ཆེ་བས་བཀོད་པ་མཛེས་ལ་ཐོག་མཐའ་གཉིས་ཕྲ་བ། བར་སྦོམ་པ་ནས་འབྲུ་མའི་ཚུལ་དུ་བྱས་ནས་རང་རང་གི་ཐུན་མོང་མ་ཡིན་པའི་སྔགས་སམ་ཐུན་མོང་དུ་མཆོད་གཟུངས་བརྗོད་བཞིན་ཕུལ་ན་ཕན་ཡོན་ཆེ་གསུངས།

༡༣༡ ང་ཚོས་མཆོད་ཆུ་མང་དུ་འབུལ་བའི་རྒྱུ་མཚན་ཅི་ཡིན།

ལན། མཆོད་པ་དངོས་པོ་ལ་མ་ཐོགས་རང་གི་དད་པ་ལ་ཐོགས་ཞེས་པ་ལྟར་མཆོད་པ་འབུལ་ཤེས་ན་མཆོད་པའི་རྫས་ལ་སུའང་ལག་ཐོགས་པ་མེད། ཆུ་དྭངས་བསིལ་བ་འདི་ཕུལ་ན་དཀོར་དང་ཚུལ་ཁྲིམས་འཆལ་བའི་ཉེས་པ་འདག་ཅིང་། ཚུལ་ཁྲིམས་གཙང་བར་འགྱུར་བ། དྭངས་ཤིང་བསིལ་བས་རང་རྒྱུད་ལ་བྱམས་སྙིང་རྗེ་སྐྱེ་བའི་རྟེན་འབྲེལ་བཟང་བོ་ཡིན་པས་ཆུ་མཆོད་ནི་སེར་སྣས་མ་སྦགས་པའི་མཆོད་རྫས་ཀྱི་མཆོག་ཡིན་པས་བཀའ་གདམས་གསར་རྙིང་གི་བླ་མ་གོང་མ་རྣམས་ཀྱིས་འདི་ལ་ཉམས་ལེན་གྱི་གཙོ་བོར་མཛད་གསུངས།

༡༣༢ མཆོད་པ་འབུལ་བ་ལ་གཟུངས་ཤིག་ཡོད་པ་དེའི་དགོས་པ་གང་།

ལན། དེ་ནི་མཆོད་པ་རྒྱ་ཆེན་པོར་འགྲོ་བའི་ཕྱིར་ཡིན་ལ་སྔགས་ནི་ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་ས་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ་ཨོཾ་བཛྲེ་བཛྲེ། མཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྡོ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439901
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།