ཧྲང་ཧེའི་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚུགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཧྲང་ཧེའི་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚུ
ཧྲང་ཧེའི་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚུགས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-12-24ལྟ་ཀློག (3668)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

ཧྲང་ཧེའི་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚུགས་པ།


      ཟླ12ཚེས15ཉིན་ཧྲང་ཧའེ་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་འཛུགས་པའི་མཛད་སྒོ་ཞུས་ཧུའེ་སློབ་ཁུལ་གྱི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཀྲུའུ་ཙི་ཆང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོའུ་ཝེ། 《ཀྲུང་གོའི་བོད་རིག་པ》དུས་དེབ་ཀྱི་གཙོ་སྒྲིག་ཧོང་ཝེ་ཀྲུང་། སི་ཁྲོན་སློབ་ཆེན་སློབ་གསོ་པུའུ་ཡི་འབྲུ་ཆུའི་མཁས་པ་དང་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཧྲི་ཧྲུའོ། བོད་ལྗོངས་སློབ་ཆེན་སློབ་གསོ་པུའུ་ཡི་འབྲུ་ཆུའི་མཁས་པ་དང་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བ་ཚེ་བརྟན་བཀྲ་ཤིས་སོགས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་གྱི་ཆེད་ལས་མཁས་པ་དང་རིག་པ་བ20ལྷག་དང་། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་སློབ་གྲྭའི་མི་དོན་ཁྲུའུ། སྤྱི་ཚོགས་ཚན་རིག་ཁྲུའུ། འཐབ་ཕྱོགས་གཅིག་གྱུར་པུའུ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་དང་ཁྱབ་སྤེལ་སློབ་གླིང་བཅས་ཀྱི་འགན་ཁུར་པ་སོགས་གདན་ཞུ་ལྟར་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་པའི་མཛད་སྒོར་ཞུགས། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀའོ་ཅན་ཧྭ་ཡིས་མཛད་སྒོར་འགོ་འཛིན་གནང་།


     བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚུགས་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཝང་ཧྲོང་ཁྲེང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞི་རྩའི་གནས་ཚུལ་དང་རྗེས་མར་བསྒྲུབ་རྒྱུའི་ལས་ཀ་གཙོ་བོ་མཚམས་སྦྱོར་གནང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་རྗེས་སློབ་ཆེན་གྱི་ཏང་ཨུས་ཡང་དག་པའི་འགོ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་འོག ནུས་པ་གང་ཡོད་ཀྱིས་ཧྲང་ཧའེ་དང་ཧྭ་ཤར་ས་ཁུལ་གྱི་བོད་རིག་པ་ཞིབ་འཇུག་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རིག་གཞུང་ཞིབ་འཇུག་དང་རྒྱལ་ཁབ་ཀྱི་རིག་མཛོད་འཛུགས་སྐྲུན་ཕྱོགས་གཉིས་ཀྱི་ཐད་ལ་རིམ་བཞིན་བོད་འབྲེལ་ཆ་འཕྲིན་འཚོལ་བསྡུ་དང་། བོད་འབྲེལ་གནད་དོན་ཞིབ་འཇུག བོད་འབྲེལ་ལས་དོན་བློ་འདོན་བཅས་བྱེད་པའི་ཆེད་བཙུགས་ལས་ཁུངས་སུ་འགྱུར་བར་བྱས་ཏེ་བོད་ཁུལ་འཛུགས་སྐྲུན་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཞི་བདེ་གཅིག་གྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་རེད།  དགེ་རྒན་ཆེན་མོ་བ་ལིའུ་ཡུང་ཝུན་གྱིས་“ཧྲང་ཧའེ་དགེ་འོས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བསྒྲགས་གཏམ་”ཀློག་འདོན་གནང་།

ཚེ་བརྟན་བཀྲ་ཤིས་དང་། ཅང་ཏི། ཕན་ཝུའུ་ཡུན་སོགས་ཆེད་ལས་མཁས་པ་དང་རིག་པ་བ་ཚོས་ཀྱང་བོད་ཡིག་གི་ཚད་ལྡན་ཡིག་ཆ་གློག་རྡུལ་ཅན་དུ་བསྒྱུར་རྒྱུ་དང་བོད་ཀྱི་ཡུལ་སྐད་བརྟག་དཔྱད་ཞིབ་འཇུག  ཧྲང་ཧའེ་དགེ་འོས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་འབྲེལ་བྱས་ནས་བོད་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་སོགས་ཀྱི་སྐོར་ལ་དཔྱད་བསྡུར་གནང་།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70d བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཧྲང་ཧེའི་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚུགས་པ།   སྤེལ་མཁན།: ལྡོང་མེ་ཆ། སྤེལ་དུས:2015/12/2
རྒྱ་ནག་གི་གྲོང་ཁྱེར་ཆེན་མོ་ཧྲེང་ཧེའི་དགེ་འོས་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་པར་སྙིང་ཁོང་རུས་པའི་སྟེང་ནས་རྟེན་འབྲེལ་ཞུ།
printable coupons free customvbapps.com walgreens deals this week
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25439030
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།